འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་50ཡི་རིང་དུ་བོད་རང་སྐྱོང་ལྗོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་08ཉིན། 11:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལོ་ངོ་50ཡི་རིང་དུ་བོད་རང་སྐྱོང་ལྗོངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད་པ།
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བའི་རྣམ་པ་ཟབ་མོ་ཞིག་གཏོད་ཆེད། ཉེ་ཆར་བོད་ལྗོངས་ཉིན་རེའི་ཚགས་པར་ལས་ཁུངས་ཀྱིས་མཉམ་འབྲེལ་གྱི་བཅར་འདྲི་ཚོགས་ཆུང་ས་ཁུལ་དང་གྲོང་ཁྱེར་བདུན་ལ་མངགས་ནས་ལོ་ངོ་50དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བོད་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་ཆེན་པོ་ཐོབ་ཚུལ་བཅར་འདྲི་བྱས་ཤིང་། མེ་ཏོག་རྫོང་སྟག་མོ་ཤང་སྟག་མོ་གྲོང་ཚོའི་ཡུལ་མི་བཀྲ་ཤིས་ཀྱིས་མེ་ཏོག་རྫོང་ལ་ལམ་ཤར་གཏོང་ཐུབ་པའི་གོ་སྐབས་བཟང་པོའི་སྐབས་དང་བསྟུན་ཏེ་འཚོ་བའི་མཁོ་ཆས་དང་ལག་ཤེས་ཐོན་རྫས་སྣ་ཁ་40ལྷག་ཙམ་བཟོས་པར་ལོར་ཡོང་སྒོ་སྒོར་ཁྲི་2ལྷག་ཙམ་བྱུང་བ་དེས་ཁང་པ་གསར་རྒྱག་བྱས་པ་མ་ཟད། ཞིང་པའི་སྤྲོ་སྐྱིད་ཁང་ཡང་བརྒྱབ་ཅིང་། འདི་ནི་བཀྲ་ཤིས་ཀྱིས་འདི་ག་ཚགས་པར་ཁང་གི་གསར་འགོད་པར་སྨྱུག་མའི་བསླས་མ་ངོ་སྤྲོད་བྱེད་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།