འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཞིང་ཆེན་གྱི་《དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་བོད་སྐད་ཡིག་སྲོལ་
    ཡིག》དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་13ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སི་ཁྲོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན།《དཀར་མཛེས་བོད་རིགས་རང་སྐྱོང་ཀྲོའུ་ཡི་བོད་སྐད་ཡིག་སྲོལ་ཡིག་》དངོས་སུ་ལག་བསྟར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་དང་། སྲོལ་ཡིག་དེར་ཁྱོན་ལེའུ་དྲུག་དོན་ཚན་ཞེ་གཅིག་ཡོད་པ་དེའི་ནང་སྤྱིའི་རྩ་དོན་དང་། བོད་སྐད་ཡིག་སློབ་སྦྱོང་དང་ཞིབ་འཇུག བོད་སྐད་ཡིག་བེད་སྤྱོད་དང་དོ་དམ། བོད་སྐད་ཡིག་གི་དཔུང་ཁག་འཛུགས་སྐྱོང་། བཅའ་ཁྲིམས་ཀྱི་འགན་འཁྲི། ཞར་བྱུང་བཅས་ཚུད་ཡོད་པ་རེད།
         《སྲོལ་ཡིག་》ནང་བོད་སྐད་ཡིག་སློབ་སྦྱོང་དང་། ཞིབ་འཇུག དོ་དམ། འཕེལ་རྒྱས་བཅས་དང་བོད་སྐད་ཡིག་ཚད་ལྡན་ཅན་དང་། ཚད་གཞི་ཅན། ཆ་འཕྲིན་བཅས་སུ་འགྱུར་བའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་སོགས་ཚུད་ཡོད་པ་རེད།《སྲོལ་ཡིག་》ནང་ད་དུང་ཕྱོགས་ལྔའི་ཐད་ནས་ཡི་གེའི་ཚད་ལྡན་དང་ཚད་གཞི་ཞིབ་ཕྲ་སྔར་བས་གཏན་འབེབས་གསལ་པོ་བྱས་པ་དང་། ཡི་གེ་བེད་སྤྱོད་གཏོང་བའི་འཕྱུགས་མེད་རང་བཞིན་དང་ཁྱབ་ཁོངས་དང་དེ་བཞིན་བོད་ཡིག་དང་རྒྱལ་ཁབ་ཀྱི་ཀུན་སྤྱོད་ཡི་གེའི་གྲལ་སྒྲིག་སྒྲིག་སྲོལ་སོགས་ཐད་བབ་བསྟུན་གྱི་གཏན་འབེབས་བྱས་ཡོད་པ་རེད། གཞན་ཡང《སྲོལ་ཡིག་》ནང་ད་དུང་བོད་སྐད་ཡིག་དོ་དམ་བྱེད་པའི་འགན་འཁྲི་དང་ལས་འགན་གཏན་འབེབས་བྱས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་ཁག་གི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དང་ལས་འགན་སྔར་བས་གཏན་འབེབས་གསལ་པོ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།