འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།པད་མ་ཚེ་བརྟན་གྱི་གློག་བརྙན་གསར་པ་《ཐར་ལོ་》ཞེས་པའི་ཕབ་ལེན་ལས་ཀ་མཇུག་སྒྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་03ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པད་མ་ཚེ་བརྟན་གྱི་གློག་བརྙན་གསར་པ་《ཐར་ལོ་》ཞེས་པའི་ཕབ་ལེན་ལས་ཀ་མཇུག་སྒྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཕབ་ལེན་བྱེད་བཞིན་པའི་པད་མ་ཚེ་བརྟན་གྱིས་འཁྲབ་ཁྲིད་བྱེད་པའི་གློག་བརྙན་གསར་པ་《ཐར་ལོ་》ཡི་ཕབ་ལེན་ལས་ཀ་དེ་སྤྱི་ཟླ་5ཚེས་25ཉིན་མཇུག་བསྒྲིལ་ཞིང་། མིག་སྔར་གློག་བརྙན་ཕབ་སྐྲུན་ཚོགས་པས་ཕབ་ལེན་རྗེས་ཀྱི་སྒྲིག་བཟོ་ལས་ཀ་བྱེད་འགོ་བརྩམས་པ་དང་། སྔོན་དཔག་བྱས་ན། 2016ལོའི་ལོ་སྟོད་དུ་རྒྱ་ཆེའི་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་རྒྱུ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། གློག་བརྙན་《ཐར་ལོ་》ཞེས་པ་འདི་ནི་ཐེན་ཧྭ་ཧྭ་ཐེན་(པེ་ཅིང)གློག་བརྙན་ཀུང་སི་དང་། ཐེན་ཧྭ་གསར་པ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི། པེ་ཅིང་ཤིན་ཁོང་དབྱི་ཧོ་གློག་བརྙན་འཕེལ་རྒྱས་ཚད་ཡོད་ཀུང་སི། པེ་ཅིང་རྒྱ་མཚོའི་དུས་སྐབས་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་འབྲེལ་ཐོག་མ་དངུལ་བཏང་ནས་ཕབ་ལེན་བྱས་པ་ཞིག་ཡིན་ཞིང་། གློག་བརྙན་དེའི་ནང་དྲན་པ་ཤིན་ཏུ་གསལ་བའི་ལུག་རྫི་ཐར་ལོས་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་བཟོ་སྐབས་བྱུང་བའི་མི་རྣམས་ཀྱིས་བསམ་གཞིགས་བྱེད་འོས་ལ་སྐྱོ་གར་རང་བཞིན་གྱི་གཏམ་རྒྱུད་ཅིག་བརྗོད་ཡོད། ཕབ་སྐྲུན་ཚོགས་པས་ཉིན་25ཡི་རིང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁྲི་ཀ་རྫོང་ད་ང། འབའ་རྫོང་། མང་རྫོང་སོགས་སུ་བསྐྱོད་དེ་ཕབ་ལེན་བྱས་པ་རེད།
         གློག་བརྙན་《ཐར་ལོ་》ཡི་འཁྲབ་གཞུང་རྩོམ་མཁན་དང་དེའི་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ཀྱིས“གློག་བརྙན་འཁྲབ་མཁན་གཙོ་བོ་ཞི་བདེ་ཉི་མ་དང་གཡང་ཕྱུག་མཚོ་གཉིས་མ་ཟད། འཁྲབ་སྟོན་པ་གཞན་ཚོས་ཀྱང་སྔོན་གྱི་འཁྲབ་སྟོན་རྣམ་པ་ལས་བརྒལ་བར་བྱས་ཡོད་པས། གློག་བརྙན་དུ་སྣང་བའི་ངོ་མཚར་ས་ཡང་ཇེ་མང་དུ་སོང་འདུག  སླད་མར་གློག་བརྙན་ཕབ་སྐྲུན་ཚོགས་པ་པེ་ཅིང་དུ་ཕྱིན་ཏེ་ཕབ་ལེན་རྗེས་ཀྱི་སྒྲིག་བཟོ་བྱ་རྒྱུ་ཡིན་པ་དང་། སྔོན་དཔག་བྱས་ན། 2016ལོའི་ལོ་སྟོད་དུ་རྒྱ་ཆེའི་གཟིགས་མོ་བ་ལྷན་རྒྱས་ཀྱི་སྤྱན་ལམ་དུ་འབུལ་ཐུབ་རྒྱུ་རེད་ཅེས་བརྗོད།
    【1】  【2】  【3】  【4】
    ༄༅།།པད་མ་ཚེ་བརྟན་གྱི་གློག་བརྙན་གསར་པ་《ཐར་ལོ་》ཞེས་པའི་ཕབ་ལེན་ལས་ཀ་མཇུག་སྒྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།