འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧིན་རྡུ་རུ་ཉིན་ཤས་བསྟུད་མར་ཚ་བ་ཆེན་པོ་བྱུང་བས་མངའ་སྡེ་གཉིས་ཀྱི་མི་200ལྷག་ཤི་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 12:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་24ཉིན་ཧིན་རྡུ་ཚགས་པར་ལས་རིགས་ཐའོ་ལ་སི་ནས་སྤེལ་བའི་གནས་འཕྲིན་ལྟར་ན། ཚེས་23ཉིན་གྱི་བར་དུ་ཚ་བ་ཆེན་པོས་ཧིན་རྡུ་དབུས་ལྷོ་རྒྱུད་ཀྱི་མངའ་སྡེ་ཐེ་ལོན་ཀན་ན་དང་ཨན་ཏེ་ལ་གཉིས་ཀྱི་མི་223ཤི་བ་དང་། དེའི་ནང་ཨན་ཏེ་ལ་མངའ་སྡེའི་མི་95ཤི་བ་དང་། ཐེ་ལོན་ཀན་ན་མངའ་སྡེའི་མི་128ཤི་བ་རེད།
         ཧིན་རྡུ་རྒྱལ་ཁབ་ཀྱི་ལོ་རེའི་ཚ་དུས་སུ་ཚ་བ་ཧ་ཅང་ཆེ་ཞིང་། དྲོད་ཚད་མཐོ་བ་དང་ཡུན་རིང་བའི་དབང་གིས་རྒྱུན་དུ་མི་འཆི་བ་རེད། རྒྱུས་ལོན་བྱུང་གསལ་ལྟར་ན། ཨན་ཏེ་ལ་མངའ་སྡེའི་ས་ཁུལ་ཁ་ཤས་སུ་ཉེ་སྔོན་གྱི་ཉིན་ཤས་རིང་གི་ཆེས་མཐོ་བའི་དྲོད་ཚད་ནི་ཏུའུ་45ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།