འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་དགུ་པའི་ཀྲུང་གོའི་ཤར་ནུབ་རྒྱུད་མཉམ་ལས་དང་མ་འཇོག་ཚོང་དོན་ངོ་འཕྲད་
    གྲོས་མོལ་ཚོགས་འདུ་དང་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་
    མང་སྟོན་ཚོགས་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 11:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་གྱི་སྔ་དྲོ་སྐབས་བཅུ་དགུ་པའི་ཀྲུང་གོའི་ཤར་ནུབ་རྒྱུད་མཉམ་ལས་དང་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དེ་ཧྲའན་ཤིས་ཤིས་ཨན་གྲོང་ཁྱེར་དུ་འགོ་ཚུགས་པ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཨུ་ཡོན་ཀྲང་གཞོན་པ་ཨའེ་ལི་ཀེང་·དབྱི་མིང་པ་ཧའེ་དང་། ཧྲའན་ཤིས་ཞིང་ཨུད་ཀྱི་ཧྲུའུ་ཅི་ཀྲའོ་ཀྲེང་ཡུང་། སྐུ་མགྲོན་གཙོ་བོའི་རྒྱལ་ཁབ་ཐེ་ལན་དང་། ཁེར་གྷི་སི་ཐན། འཇོར་ཇི་ཡ་སོགས་རྒྱལ་ཁབ་གསུམ་པོའི་འགོ་ཁྲིད་པ་མཉམ་དུ་འགོ་ཚུགས་མཛད་སྒོའི་ཐོག་ཞུགས་པ་དང་གཏམ་བཤད་ཀྱང་གནང་བ་རེད།
         སྐབས་དེའི་ཀྲུང་གོའི་ཤར་ནུབ་རྒྱུད་མཉམ་ལས་དང་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དེས་ཕན་ཚུན་འབྲེལ་མཐུད་དང་། ནུས་རྒྱུ་གསར་སྤེལ། སྣོད་བཅུད་རིག་གནས། ཚོང་དོན་ཡུལ་སྐོར། སློབ་གསོ་འཕྲོད་བསྟེན་སོགས་ཁྱབ་ཁོངས་ལ་སྐུལ་འདེད་གཏོང་བའི་དངོས་གཙོའི་མཉམ་ལས་ལ་གཙོ་གནད་ཐོག་དམིགས་ནས་ཞིབ་བསྡུར་དང་སྤེལ་རེས་བྱ་རྒྱུ་དང་། དབུས་ནུབ་རྒྱུད་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བརྒྱུད་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་མཉམ་བསྲེས། རིག་གནས་བསྟུན་མཁས་བཅས་ཀྱི་ཁེ་ཕན་གྱི་གཅིག་མཐུན་འདུས་གྲུབ། ལས་དབང་གཅིག་མཐུན་འདུས་གྲུབ། འགན་འཁྲི་གཅིག་མཐུན་འདུས་གྲུབ་བཅས་གཏོད་རྒྱུ་ཡིན་པ་རེད། སྐབས་དེའི་ཀྲུང་གོའི་ཤར་ནུབ་རྒྱུད་ཀྱི་མཉམ་ལས་དང་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་དང་དར་གོས་ལམ་བུའི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་དེས“དར་གོས་ལམ་བུའི་མཉམ་ལས་སྟེགས་བུ་ཐུན་མོང་ཐོག་སྐྲུན་པ་དང་ས་ཁོངས་སྒོ་དབྱེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ”བརྗོད་བྱ་གཙོ་བོར་བྱེད་པ་དང་2015ལོའི་ཟླ་5ཚེས་22ཉིན་ནས་ཟླ་5ཚེས་28ཉིན་བར་དུས་ཡུན་ཉིན་བདུན་ཡིན་པ་རེད། རྒྱལ་ཁབ་དང་ས་ཁུལ་98ཀྱི་སྲིད་ཕྱོགས་དང་སྐུ་མགྲོན་2000ཙམ་ཚོགས་ཡུན་གཟའ་འཁོར་གཅིག་གི་ཚོགས་འདུར་གདན་དྲངས་པ་དང་ཁུལ་5དང་འགྲེམས་ཁང་8ཀྱི་ཁྱོན་འགྲེམས་ཁུལ་སྨི་ངོས་གྲུ་ཁྲི་30བཀོད་སྒྲིག་བྱས་པ་དང་། དེ་བཞིན་ས་གནས་འགོ་ཁྲིད་པའི་སྐད་ཆ་ཤོད་རེས་ཚོགས་འདུ་དང་། སྐུ་མགྲོན་རྒྱལ་ཁབ་གཙོ་བོའི་བྱེད་སྒོ འགག་སྒོ་ལས་ཁུངས་ཀྱི་མཐོ་རིམ་གླེང་སྟེགས་སོགས་བྱེད་སྒོ་ཁག་41སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།