འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲེན་དབྱང་གིས་ཁྲའོ་ཞན་དུ་ཡུལ་སྐོར་མེ་འཁོར་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་22ཉིན་གསར་འགོད་པར་ཧྲེན་དབྱང་ལྕགས་ལམ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་ནང་ཡུལ་སྐོར་བའི་ཡུལ་སྐོར་དགོས་མཁོ་སྐོང་ཆེད་ཅུས་དེའི་རྒྱལ་སྤྱིའི་ཡུལ་སྐོར་ཚོགས་པ་ཀུང་སིས་འདི་ཟླ་ནས་བཟུང་ཁྲའོ་ཞན་དུ་ཡུལ་སྐོར་མེ་འཁོར་གཏོང་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་གྱི་ཆེད་གཏོང་མེ་འཁོར་ཐོག་མ་དེ་ཟླ་5ཚེས་26ཉིན་གཏོང་རྒྱུའི་འཆར་གཞི་ཡོད་པ་དང་མི་རེའི་ཡུལ་སྐོར་འགྲོ་གྲོན་སྒོར་2000ནས་སྒོར་3000བར་རེད། ཡུལ་སྐོར་མེ་འཁོར་དེ་ཧྲེན་དབྱང་ནས་ཐོན་ཏེ་འགག་སྒོའི་གྲོང་ཁྱེར་ཏན་ཏུང་དུ་འབྱོར་རྗེས་རྒྱལ་སྤྱིའི་སྦྲེལ་མཐུད་སྐྱེལ་འདྲེན་མེ་འཁོར་ཐེངས་95བརྗེས་ནས་ཡ་ལུའུ་གཙང་པོའི་ཕ་རོལ་གྱི་ཤིན་དབྱི་ཀྲོའུ་བརྒྱུད་ཁྲའོ་ཞན་གྱི་རྒྱལ་ས་ཕོང་དབྱང་དུ་འབྱོར་རྒྱུ་རེད། ཉིན་བཞིའི་འགྲུལ་བཞུད་ནང་ཡུལ་སྐོར་བས་ཁྲའོ་ཞན་གྱི་ཕོང་དབྱང་དང་། ཁའེ་ཁྲེང་། མེའོ་ཤང་ཧྲན། པན་མེན་ཏན་སོགས་ཡུལ་སྐོར་མཛེས་ལྗོངས་ཁུལ་གྲགས་ཅན་ལ་སྤྲོ་གསེང་ལྟ་སྐོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།