འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྒྲུང་རིང་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་20ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ཀྱི་སྒྲུང་རིང་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བློ་ཞིབ་མོས་ཇུས་འགོད་བྱས་པའི་རྒྱལ་ཁབ་ཀྱི་དཔེ་དེབ་པར་སྐྲུན་ལས་གཞི་སྟེ་བོད་ཀྱི་སྒྲུང་རིང་དཔེ་ཚོགས་ཐོག་མ་པར་སྐྲུན་འགྲེམས་སྤེལ་བྱས།
         ཐེངས་འདིའི་སྒྲུང་རིང་དཔེ་ཚོགས་ཀྱི་ནང་མིང་དུ་གྲགས་པའི་རྩོམ་མཁན་ཚེ་རིང་དོན་གྲུབ་ཀྱི་<<ང་ཡི་ཨ་ཕ་གཉིས་>>དང་། བསྟན་པ་ཡར་རྒྱས་ཀྱི་<<ཁ་སང་གི་ཚོ་བ>> ན་གཞོན་རྩོམ་མཁན་མིང་གྲགས་ཅན་སྒོ་མེ་ཚེ་རིང་བཀྲ་ཤིས་ཀྱི་<<མར་ངོའི་ཟླ་བ་>>དང་། བུ་ཚེ་རིང་རྒན་པའི་<<ཆུ་མིག་དགུ་སྒྲིལ>> བོད་ཀྱི་རྩོམ་སྟེགས་སུ་གྲགས་འགུལ་ཆེ་བའི་གཞོན་སྐྱེས་རྩོམ་པ་པོ་གངས་སྨྱོན་གྱི་<<དྲེལ་ལུང་>>བཅས་བོད་ཡིག་གི་ལམ་ནས་གསར་རྩོམ་བྱས་པའི་སྒྲུང་རིང་ལྔ་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་ སྤྱན་ལམ་དུ་བཀྲམས་ཡོད།༼ ཀྲུང་གོ་བོད་ཀྱི་དྲ་བ་ལས་དྲངས། ༽
      

    ཕྱོགས་བསྡུས་གསར་འགྱུར།