འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ཐོབ་མཁན་ལ་
    མཇལ་ཁ་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་21ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ཐོབ་མཁན་ལ་
མཇལ་ཁ་གནང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་20ཉིན་གྱི་སྔ་དྲོར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་པེ་ཅིང་དགོན་སེར་ནུབ་མར་ཀྲུང་གོ་བོད་སྐད་ཡིག་མཐོ་རིམ་ནང་བསྟན་སློབ་གླིང་གི་སྐབས་བཅུ་གཅིག་པའི་མཐོ་རིམ་ཡོན་གནས་ཐོབ་མཁན་རྣམས་ལ་མཇལ་ཁ་གནང་ཞིང་། མཇལ་ཁ་གནང་བའི་བྱེད་སྒོ་ཁྲོད་མཐོ་རིམ་ནང་བསྟན་སློབ་གླིང་གི་སློབ་དཔོན་རྣམ་པ་དང་། སྐབས་གསུམ་པའི་འབྲིང་རམས་པའི་ཡོན་གནས་ཐོབ་མཁན་ཚོ། གཞན་མཐོ་རིམ་ནང་བསྟན་སློབ་གླིང་གི་དགེ་སློབ་ཚང་མ་ཡང་ཞུགས་པ་རེད།
         པཎ་ཆེན་རིན་པོ་ཆེས་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཚོར་རེ་རེ་བཞིན་ཕྱག་དབང་གནང་བ་མ་ཟད། མཐོ་རམས་པའི་ཡོན་གནས་ཐོབ་མཁན་ཚོ་དང་བོད་བརྒྱུད་ནང་བསྟན་གྱི་ཆོས་ཕྱོགས་མི་སྣ་རྣམས་ལ་ཚུལ་ཁྲིམས་རྣམ་པར་དག་པའི་སྒོ་ནས་ཆོས་ལ་ཐོས་བསམ་ཉམས་ལེན་བྱེད་པ་དང་། རྒྱལ་སྲུང་དམངས་ཕན་གྱི་འཕྲིན་ལས་སྐྱོངས་དགོས་པའི་བཀའ་མངགས་ཀྱང་གནང་།
    【1】  【2】  【3】
    ༄༅།།པཎ་ཆེན་རིན་པོ་ཆེས་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་ཡོན་གནས་ཐོབ་མཁན་ལ་
མཇལ་ཁ་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།