འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ས་ཡོམ་ཚབས་ཆེན་བྱུང་ཡང་འཚོ་བ་སྔར་ལྟར་སྐྱེལ་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་15ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ས་ཡོམ་ཚབས་ཆེན་བྱུང་ཡང་འཚོ་བ་སྔར་ལྟར་སྐྱེལ་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། 2015ལོའི་ཟླ་4ཚེས་25ཉིན་ཆུ་ཚོད་14དང་སྐར་མ་11སྟེང་ནེ་པ་ལར་ས་ཡོམ་རིམ་པ་8.1བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་20ཡོད། འཕྲོ་ལུས་ས་ཡོམ་ཐེངས་134ཙམ་བྱུང་། ས་ཡོམ་བྱུང་སའི་ལྟེ་གནས་པོ་ཁེ་ལ་གྲོང་ཁྱེར་དུ། ཉུང་མཐའ་ཡང་མི་གྲངས་7903རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་16390ལ་རྨས་སྐྱོན་ཕོག ནེ་པ་ལའི་རྒྱལ་ས་ཀ་ཏ་མན་རྡུ་གྲོང་ཁྱེར་གྱི་ལོ་རྒྱུས་གནའ་ཤུལ་མང་ཆེ་བར་གཏོར་བརླག་ཐེབས་ཤིང་མེད་པར་གྱུར།
         ནེ་པ་ལའི་མང་ཚོགས་ཀྱིས་དཀའ་སྤྱད་འབད་བརྩོན་གྱིས་“4.25”ས་ཡོམ་ལས་ཐེབས་པའི་གནོད་འཚེ་མྱུར་སྐྱོབ་དང་བསྐྱར་སྐྲུན་བྱེད་པའི་སྐབས། ཟླ་5ཚེས་12ཉིན་སླར་ཡང་ས་ཡོམ་རིམ་པ་ཚབས་ཆེན་7.5 བྱུང་བ་རེད། ནེ་པ་ལའི་ནང་སྲིད་པུའི་ཆ་འཕྲིན་ལྟར་ན། ཐེངས་འདི་རིམ་པ་7.5ས་ཡོམ་ཚབས་ཆེན་ལས་མི་79རྐྱེན་ལམ་དུ་ཤོར་བ་དང་། མི་2300ལྷག་ལ་རྨས་སྐྱོན་ཕོག ཟླ་བ་གཅིག་རིང་ནེ་པ་ལར་ས་ཡོམ་ཚབས་ཆེན་ཐེངས་གཉིས་བྱུང་ན་ཡང་། དད་ལྡན་རྒྱལ་ཁབ་འདིར་འཚོ་གནས་བྱེད་བཞིན་པའི་མང་ཚོགས་ཚོའི་བློ་སྟོབས་ཉམས་མེད་པར་གནོད་འཚེ་བྱུང་རྗེས་ཡོམ་འགོག་གནོད་སེལ་བྱེད་པའི་སྒོ་ནས་འཚོ་བ་སྐྱེལ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།ས་ཡོམ་ཚབས་ཆེན་བྱུང་ཡང་འཚོ་བ་སྔར་ལྟར་སྐྱེལ་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།