འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་ཆེད་ལས་ལན་ཆིའུ་སྤོ་ལོ་རུ་ཁག་ཐོག་མ་དངོས་སུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་15ཉིན། 14:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་སློབ་གསོ་ལུས་རྩལ་ཅུས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཉེ་སྔོན་བོད་ལྗོངས་ཀྱི་ཆེད་ལས་ལན་ཆིའུ་སྤོ་ལོ་རུ་ཁག་ཐོག་མ་སྟེ་ལྷ་སའི་དག་ཞིང་རུ་ཁག་དངོས་སུ་བཙུགས་པ་དང་། དེས་བོད་ལྗོངས་སུ་ཆེད་ལས་ལན་ཆིའུ་སྤོ་ལོ་རུ་ཁག་མེད་པའི་ལོ་རྒྱུས་མཇུག་བསྒྲིལ་བ་རེད། ལྷ་ས་དག་ཞིང་རུ་ཁག་གི་འགྲན་བསྡུར་བྱེད་གནས་གཙོ་བོ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3646ཡོད་སར་གནས་པས། རང་རྒྱལ་གྱི་རྒྱ་མཚོའི་ངོས་ལས་ས་བབ་མཐོ་ཤོས་སུ་ཡོད་པའི་འགྲན་བསྡུར་བྱེད་གནས་གཙོ་བོར་གྱུར་ཡོད།
         རྒྱུས་ལོན་བྱུང་བ་ལྟར་ན། མིག་སྔར་ལྷ་ས་དག་ཞིང་རུ་ཁག་གི་རུ་མི་14ཡི་མིང་ཐོ་དེ་ཀྲུང་གོའི་ལན་ཆིའུ་སྤོ་ལོ་མཐུན་ཚོགས་ཀྱི་གཞུང་ཕྱོགས་དྲ་བ་ནས་སྤེལ་བའི་འགྲན་སྐབས་དང་པོའི་NBLརིམ་མཚུངས་མཉམ་འགྲན་གྱི་ལུས་རྩལ་པ་ཐོ་འགོད་ཐོབ་ཐང་ཡོངས་བསྒྲགས་བྱས་པར་བཀོད་ཡོད་པ་དང་། NBL རིམ་མཚུངས་མཉམ་འགྲན་ནི་CBAརྗེས་ཀྱི་ཀྲུང་གོའི་རིམ་པ་གཉིས་པའི་ཆེད་ལས་ལན་ཆིའུ་སྤོ་ལོ་རིམ་མཚུངས་མཉམ་འགྲན་ཞིག་རེད།
      

    ཕྱོགས་བསྡུས་གསར་འགྱུར།