འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་གྲོང་ཁྱེར་དུ་ཁྲིམས་འགལ་ཐ་མག་འཐེན་མཁན་ཐེར་འདོན་བྱས་ན་ཁ་པར་ཨང་
    གྲངས་12320བརྒྱབ་ཆོག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 13:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་པེ་ཅིང་གྲོང་ཁྱེར་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའི་ཨུ་ཡོན་ལྷན་ཁང་གིས་<<<པེ་ཅིང་གྲོང་ཁྱེར་གྱི་ཐ་མག་འཐེན་མཁན་ཚོད་འཛིན་སྲོལ་ཡིག་>ཅེས་པའི་འཕྲོད་བསྟེན་ལྟ་སྐུལ་ཁྲིམས་བསྟར་ལས་དོན་ཇུས་གཞི་>>ཞེས་པ་བཟོས་ཏེ་པེ་ཅིང་12320དེ་པེ་ཅིང་གྲོང་ཁྱེར་ཡོངས་སུ་གཅིག་གྱུར་གྱིས་ཐ་མག་འཐེན་མཁན་ཚོད་འཛིན་སྲོལ་ཡིག་ལས་འགལ་བའི་བྱ་སྤྱོད་ཞུ་སྦྱོར་ཐེར་འདོན་བྱེད་རྒྱུའི་ཁ་པར་ཨང་གྲངས་སུ་གཏན་འཁེལ་བྱས་ཤིང་། མི་སྒེར་དང་། སྡེ་ཁག གོང་རིམ་བཅས་ཀྱིས་སྒྲུབ་འགན་སྤྲད་པའི་ཐ་མག་འཐེན་མཁན་ཚོད་འཛིན་སྲོལ་ཡིག་ལས་འགལ་བའི་ཞུ་སྦྱོར་ཐེར་འདོན་བྱས་དོན་བདག་སྤྲོད་བྱས་ཆོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།