འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར་སླར་ཡང་ས་ཡོམ་རིམ་པ་7.5བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 08:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ས་ཡོམ་ལས་ཁུངས་དྲ་རྒྱའི་ལྟེ་གནས་དྲ་ཚིགས་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། 2015ལོའི་ཟླ་5ཚེས་12ཉིན་གྱི་པེ་ཅིང་གི་ཆུ་ཚོད་15དང་སྐར་མ་5ཡི་ཐོག་(བྱང་གི་འཕྲེད་ཐིག་ཏུའུ་27.8དང་ཤར་གྱི་གཞུང་ཐིག་ཏུའུ་86.1)བལ་ཡུལ་དུ་ས་ཡོམ་རིམ་པ་7.5བརྒྱབ་པ་དང་ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10.0ཡིན་ཞིང་། ནེ་པ་ལའི་རྒྱལ་ས་ཀ་རྡ་མན་རྡུར་ཡོམ་ཚོར་དྲག་པོ་བྱུང་བ་དང་འཛུགས་སྐྲུན་དངོས་པོར་གཡོ་འགུལ་ཆེན་པོ་ཐེབས་ཡོད། བོད་ལྗོངས་ཀྱི་གཞིས་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་དང་སྐྱིད་གྲོང་རྫོང་ལ་ཡོམ་ཚོར་དྲག་པོ་བྱུང་ཡོད་པ་དང་། མཐོང་མཁན་གྱིས་སྐྱིད་གྲོང་རྫོང་གི་ཉེན་ཡོད་ཁང་པ་མང་པོ་ཞིག་རྡིབ་སོང་ཞེས་བརྗོད་འདུག
      

    ཕྱོགས་བསྡུས་གསར་འགྱུར།