འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལས་བྱེད་པ་ཁྲི་ཁེ་ལས་སུ་ཞབས་འདེགས་ཞུ་བར་སྐྱོད་པའི་བྱེད་སྒོར་
    སྐུལ་འདེད་ཏན་ཏིག་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 09:30】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཞིང་ཆེན་དེ་ཡོངས་ཀྱི་ལས་བྱེད་པ་ཁྲི་ཁེ་ལས་སུ་ཞབས་འདེགས་ཞུ་བར་སྐྱོད་པའི་བྱེད་སྒོ་སྤེལ་ཚུན་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་ཆེན་དེ་ཡོངས་ཀྱི་ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། མང་ཚོགས་ལ་ལས་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་ཁེ་ལས་ཆུང་གྲས་དང་སྐྱེད་སྲིང་མགྱོགས་པོ་བྱེད་པ། རྐང་འཛིན་ཁེ་ལས་ཀྱི་རྒྱ་སྟོབས་ཆེ་རུ་གཏོང་བ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་འགན་ལ་དམིགས་པ། “ཀྲུང་གོའི་ཕུགས་འདུན། ངལ་རྩོལ་རྩེར་སོན”གྱི་སློབ་གསོ་ལག་ལེན་བྱེད་སྒོ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་བཟོ་ཚོགས་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་ཁེ་ལས་སུ་ཞབས་འདེགས་ཞུ་བར་སྐྱོད་པའི་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱས་ཡོད།
         རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་ཆེད་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ཞིང་ཆེན་སྲིད་གཞུང་གི《ཁྲོམ་རའི་གཙོ་གཟུགས་གང་མགྱོགས་འཕེལ་རྒྱས་དང་སྐྱེད་སྲིད་བྱ་རྒྱུའི་སྐོར་གྱི་བསམ་འཆར》གྱི་དགོངས་དོན་དང་ཟུང་འབྲེལ་གྱིས《བཟོ་ཚོགས་ཀྱི་ལས་བྱེད་པ་ཁེ་ལས་སུ་ཞབས་འདེགས་ཞུ་བར་སྐྱོད་པའི་བྱེད་སྒོ་ནན་ཏན་ངང་སྤེལ་ནས་ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱ་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས་པ་དང་། ཞིང་ཆེན་དེ་ཡོངས་ཀྱི་བཟོ་ཚོགས་ཁོངས་གཏོགས་ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལས་དོན་ནང་ཞུགས་པའི་འགོ་ཁྲིད་སྒྲིག་གཞི་དང་། ལས་ཀའི་ཐབས་ལམ། ཞིབ་ཕྲའི་བྱེད་ཐབས་བཅས་ཁ་གསལ་བཏོན་ནས་བྱེད་སྒོ་བདེ་བླག་ངང་སྤེལ་རྒྱུའི་འགན་ལེན་བྱས་ཡོད།
         བྱེད་སྒོའི་གཞི་རྟེན་ཕུན་སུམ་ཚོགས་སུ་གཏོང་ཆེད་ཞིང་ཆེན་སྤྱི་ཁྱབ་བཟོ་ཚོགས་ཀྱིས་ལས་བཟོ་ཚོར་བདག་པོའི་རྣམ་པའི་ཐོག་ནས་མཚོ་སྔོན་གྱི་ཁྲོམ་རའི་གཙོ་གཟུགས་འཕེལ་རྒྱས་གཏོང་ཆེད་ཐབས་དང་ཇུས་འདོན་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ཡོད། ལས་བཟོའི་བྱང་ཚད་འཛུགས་སྐྱོང་འདུ་འགོད་ཀྱི་ལོ་ལྔའི་འཆར་འགོད་བཟོ་བ་དང་ལག་བསྟར་བྱེད་པའི་རྨང་གཞིའི་ཐོག“དྲུག་ལྡན་རྣམ་པའི”དཔུང་ཁག་དང་ཚན་ཁག་འཛུགས་སྐྱོང་གཏིང་ཟབ་བྱེད་པ་དང་། “ལག་རྩལ་རྩེར་སོན་གྱི་བཟོ་པ”ཁག་གཅིག་ལ་གཟེངས་བསྟོད་བྱེད་པ། ངལ་རྩོལ་དཔེ་བཟང་བའི(ལག་རྩལ་མཐོ་བའི་ཤེས་ལྡན་པ)གསར་གཏོད་ལས་དོན་ཁང་ཁག་གཅིག་གཏོད་པ་དང་མིང་འདོགས་པ་བཅས་བྱས་ནས་ཁེ་ལས་ཀྱི་ཚན་རྩལ་གསར་གཏོད་དང་ཤེས་ལྡན་པའི་འདེགས་སྐྱོར་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་ཐོབ་པའི་བརྩོན་ལེན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།