འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱིས་བཅོས་སྣུམ་གྱི་རིན་གོང་སྤར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 09:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་11ཉིན་རྒྱལ་ཁབ་འཕེལ་སྒྱུར་ཨུ་ཡོན་ལྷན་ཁང་གིས་བརྡ་ཐོ་བཏང་སྟེ་རླངས་སྣུམ་དང་ཁྲའེ་ཡིའུ་སྣུམ་གྱི་རིན་གོང་ཏུན་རེར་སྒོར་225དང་སྒོར་245སོ་སོ་སྤོར་རྒྱུའི་གཏན་འབེབས་བྱས་པ་དང་ཚོད་རྩིས་བྱས་ན་རླངས་སྣུམ་ཨང་90དང་ཁྲའེ་ཡིའུ་སྣུམ་ཨང་0གྱི་སིལ་ཚོང་རིན་གོང་དེ་ཧྲེང་རེར་སྒོར་0.19དང་སྒོར་0.21སོ་སོ་མཐོ་རུ་ཕྱིན་པ་དང་ལེགས་སྒྲིག་རིན་གོང་ཟླ་5ཚེས་11ཉིན་གྱི་ཆུ་ཚོད་24ནས་ལག་བསྟར་བྱས་ཡོད་པ་རེད།
         ད་རེས་བཅོས་སྣུམ་གྱི་རིན་གོང་ལེགས་སྒྲིག་བྱེད་ཚད་ནི་ལག་ལེན་བསྟར་བའི་བཅོས་སྣུམ་གྱི་རིན་གོང་ཆགས་གྲུབ་ལམ་སྲོལ་ལྟར་དང་ཟླ་5ཚེས་11ཉིན་གོང་གི་ལས་ཀའི་ཉིན་གྲངས་བཅུའི་རྒྱལ་སྤྱིའི་ཁྲོམ་རའི་མ་བཅོས་རྡོ་སྣུམ་གྱི་ཆ་སྙོམས་རིན་གོང་འགྱུར་བ་འགྲོ་ཚུལ་ལ་གཞིགས་ཏེ་རྩིས་བརྒྱབ་ནས་གཏན་འབེབས་བྱས་པ་ཞིག་རེད། ཟླ་བ་བཞི་པའི་ཟླ་སྨད་ཚུན་དུ་དབུས་ཤར་ས་ཁུལ་གྱི་ས་ཁམས་ཆབ་སྲིད་དང་ཨ་སྒོར་གྱི་འཛའ་ཐང་ཆག་པ་སོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་རྒྱལ་སྤྱིའི་ཁྲོམ་རའི་སྣུམ་གོང་འཕར་བ་དང་ཚེས་11ཉིན་གོང་གི་ལས་ཀའི་ཉིན་གྲངས་བཅུ་ཡི་ཆ་སྙོམས་རིན་གོང་འཕར་ཆེ་ཙམ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།