འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།། གཟི་ཚ་སྡེ་དགུ་རྫོང་གིས“ཁ་གསལ་བཞིའི”ཐོག་ནས“ཁ་དན་ཚིག་གནས་ཀྱི་གཟི་ཚ་
    སྡེ་དགུ”གཏོད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་13ཉིན། 10:24】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཚོགས་ཡིད་རྟོན་མ་ལག་འཛུགས་སྐྲུན་མགྱོགས་པོ་བྱེད་པ་དང་འཕེལ་རྒྱས་ཀྱི་ཁོར་ཡུག་སྔར་བས་ལེགས་སུ་བཏང་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་བྱ་གཞག་རྒྱུན་མཐུད་དང་སྐྱོན་བྲལ་ངང་གོང་འཕེལའགྲོ་རྒྱུར་སྐུལ་འདེད་གཏོང་ཆེད། ཉིན་ཤས་གོང་སི་ཁྲོན་ཞིང་ཆེན་གཟི་ཚ་སྡེ་དགུ་རྫོང་གིས་ཇུས་ཤུགས་མཉམ་འདོན་བྱས་ནས“ཁ་དན་ཚིག་གནས་ཀྱི་གཟི་ཚ་སྡེ་དགུ”འཛུགས་སྐྲུན་གྱི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
         འཛུགས་སྐྲུན་དམིགས་ཚད་ཁ་གསལ་བཟོས་ཤིང་། རྫོང་དེས་ལོ་གསུམ་ཡས་མས་ཀྱི་དུས་ཚོད་སྤྱད་ནས་རྫོང་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆུ་ཚད་དང་འཚམ་པའི་སྤྱི་ཚོགས་ཡིད་རྟོན་མ་ལག་གི་སྒྲོམ་གཞི་ཞིག་རྩ་བའི་ཆ་ནས་བསྐྲུན་རྒྱུ་རེད།
         འཛུགས་སྐྲུན་ལས་འགན་ཁ་གསལ་བཟོས་་ཤིང་། ཁ་དན་ཚིག་ལ་གནས་པའི་སྒོ་ནས་རྫོང་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ་སྲིད་དོན་དན་ཚིག་ལ་སྐུལ་འདེད་གཏོང་རྒྱུ་རེད།འགན་ལེན་བྱེད་ཐབས་ཁ་གསལ་བཟོས་ཤིང་།རྫོང་དེས་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་གྱིས་བཀོད་འདོམས་དཔོན་དང་། རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རྫོང་སྲིད་གཞུང་གི་རྒྱུན་ལས་རྫོང་དཔོན་གཞོན་པས་རྒྱུན་ལས་བཀོད་འདོམས་དཔོན་གཞོན་པ། འབྲེལ་ཡོད་རྫོང་རིམ་པ་གཞོན་པའི་འགོ་ཁྲིད་ཀྱིས་བཀོད་འདོམས་དཔོན་གཞོན་པ། སྣེ་ཁྲིད་ས་ཁུངས་ཁག་གིས་ཁོངས་མི་བཅས་བྱེད་པའི་གཟི་ཚ་སྡེ་དགུ་རྫོང་གི“ཁ་དན་ཚིག་གནས་ཀྱི་གཟི་ཚ་སྡེ་དགུའི”འཛུགས་སྐྲུན་བཀོད་འདོམས་པུའུ་ཞིག་འཛུགས་རྒྱུ་རེད།
         དཔྱད་ཞིབ་དང་ཞིབ་བཤེར་རྩིས་ལེན་བྱ་ཐབས་ཁ་གསལ་བཟོས་ཤིང་། འཛུགས་སྐྲུན་གྱི་ཕན་འབྲས་འགན་ལེན་བྱ་ཆེད་མང་ཚོགས་ཀྱི་བློ་ལ་བབས་མིན་ལ་ལྟ་བ་དང་། དམིགས་ཚད་འགན་་་འཁྲིའི་ལམ་ལུགས་ལག་བསྟར་བྱས་ནས་དཔྱད་ཞིབ་བྱེད་པ། ཁ་དན་ཚིག་གནས་ཀྱི་འཛུགས་སྐྲུན་བྱས་ཚུལ་ལ་གཞིགས་ནས་ཞིབ་བཤེར་རྩིས་ལེན་བྱེད་པ་བཅས་ཀྱི་བྱ་ཐབས་གསུམ་སྤྱད་ནས་ཞིབ་བཤེར་དང་དཔྱད་ཞིབ་བྱ་རྒྱུ་རེད།
    མིག་སྔར་ཁ་དན་ཚིག་གནས་ཀྱི་འཛུགས་སྐྲུན་ལས་དོན་ཁག་རྫོང་ཡོངས་ཀྱི་ལས་རིགས་ཁག་ཏུ་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།