འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།པད་མ་ཚེ་བརྟན་གྱི་བོད་སྐད་ཀྱི་གློག་བརྙན་ལྔ་པ་<<ཐར་ལོ་>>ལྔ་གཅིག་སྐབས་
    ཕབ་སྐྲུན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གནམ་རིས་གནམ་འབྲི་(པེ་ཅིང)བརྙན་ལས་ཚད་ཡོད་ཀུང་སི་དང་། གནམ་རིས་གསར་པ་རིག་གནས་སྨྱན་སྦྱོར་ཚད་ཡོད་ཀུང་སི། པེ་ཅིང་ཤིན་ཁུང་དབྱི་ཧོ་གློག་བརྙན་འཕེལ་རྒྱས་ཚད་ཡོད་ཀུང་སི། པེ་ཅིང་རྒྱ་མཚོའི་བགྲང་བྱ་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སི་བཅས་ཀྱིས་མཉམ་དུ་མ་དངུལ་བཏང་བའི་གློག་བརྙན་<<ཐར་ལོ་>>ཟླ་5ཚེས་1ཉིན་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་ལ་ཟེ་བ་གྲོང་རྡལ་མཛོ་སྣ་གྲོང་ཚོར་དངོས་སུ་པར་ལེན་བྱེད་འགོ་ཚུགས་པ་རེད།
         <<ཐར་ལོ་>>ནི་བོད་རིགས་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་གྱི་བོད་སྐད་ཀྱི་གློག་བརྙན་ལྔ་པ་དེ་ཡིན། ཁོང་གིས་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>ཞེས་པ་དང་། <<འཚོལ>> <<ཁྱི་རྒན>> <<གཡང་མདའ་>>སོགས་བོད་སྐད་ཀྱི་གློག་བརྙན་མང་པོ་གྲུབ་འབྲས་ཐོབ་པའི་ངང་ཕབ་སྐྲུན་བྱས་རྐྱེན་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་སྐད་གྲགས་ཆོད་ཡོད་པ་རེད། ཀྲུང་གོའི་ལོ་བརྒྱའི་གློག་བརྙན་ལོ་རྒྱུས་ཐོག་གི་བོད་སྐད་ཀྱི་གློག་བརྙན་དང་པོ་<<ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་>>ཕབ་སྐྲུན་བྱས་པ་ལས་སྐབས་ཉེར་ལྔ་པའི་ཀྲུང་གོ་གློག་བརྙན་གསེར་བྱའི་རྟགས་མ་སོགས་རྒྱལ་ཁབ་ཕྱི་ནང་གི་བྱ་དགའ་གལ་ཆེན་མང་པོ་ཐོབ་ནས་བོད་ཀྱི་ཕ་སྐད་གློག་བརྙན་གྱི་གསར་གཏོད་པ་ཞེས་གྲགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།