འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ཙུང་ལི་ཟུར་པ་ཕུའུ་ལ་ཁྲང་ཏས་ཀྲུང་གོས་ནེ་པ་ལར་རོགས་སྐྱོར་བྱས་པར་
    ཐུགས་རྗེ་ཆེ་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་5ཚེས་2ཉིན་ནེ་པ་ལའི་ཙུང་ལི་ཟུར་པ་ཕུའུ་ལ་ཁྲང་ཏ་ཡིས་ཀྲུང་གོའི་སྨྱན་སྦྱོར་གྱི་བཅར་འདྲི་དང་ལེན་བྱེད་སྐབས། ཁོང་གིས་ནེ་པ་ལའི“4•25”ཡི་ས་ཡོམ་དྲག་པོ་བརྒྱབ་རྗེས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་དངོས་ཟོག་གི་རྒྱབ་སྐྱོར་དང་བསམ་བློའི་ལྕག་སྐུལ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་གསུངས།
         “གེགས་བར་བྱུང་མ་ཐག་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་འཚམས་འདྲི་ཞུ་བ་དང་སྦྲགས་སྒྲིག་ཆས་དང་དངོས་ཟོག་འབོར་ཆེན་མཁོ་འདོན་བྱས་ཡོད”ཅེས་ཕུའུ་ལ་ཁྲང་ཏས་དེ་ལྟར་གསུངས་ཤིང་། ཁོང་གིས། ནེ་པ་ལའི་ས་ཆ་མང་པོ་དང་ལྷག་པར་དུ་བྱང་རྒྱུད་ལ་གེགས་བར་ཚབས་ཆེན་བྱུང་བར་ཀྲུང་གོ་སོགས་རྒྱལ་ཁབ་ཀྱི་རོགས་སྐྱོར་མང་པོ་དགོས་གལ་ཆེ་བས་རྒྱལ་ཁབ་ཁག་གི་སྲིད་གཞུང་མིན་པའི་སྒྲིག་གཞི་སྔར་ལས་མང་བས་ནེ་པ་ལའི་རོགས་སྐྱོབ་དང་བསྐྱར་སྐྲུན་བྱ་བའི་ནང་ཞུགས་རྒྱུའི་འབོད་སྐུལ་བྱ་རྒྱུ་ཡིན་ཞེས་གསུངས།
         ཚེས་2ཉིན་ནེ་པ་ལར་ས་ཡོམ་བརྒྱབ་ནས་གཟའ་འཁོར་གཅིག་སོང་རིང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རོགས་སྐྱོར་བྱ་ཤུགས་མུ་མཐུད་ཆེ་རུ་བཏང་ཡོད། ནེ་པ་ལར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཝུའུ་ཁྲུན་ཐའེ་ཡིས་ད་བར་ཀྲུང་གོ་ཕྱོགས་ཀྱིས་ནེ་པ་ལར་རོགས་སྐྱོབ་དང་སྨན་དོན་མི་སྣ་300ལྷག་ཙམ་བཏང་བ་དང་རོགས་སྐྱོབ་དངོས་ཟོག་གནམ་གྲུ་ཐེངས་གྲངས་30ལྷག་ཙམ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།