འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གནོད་ཐེབས་ས་ཁུལ་ལ་གསོལ་འདེབས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་གནོད་ཐེབས་ས་ཁུལ་ལ་གསོལ་འདེབས་ཞུས་པ།
         མི་དམངས་དྲ་བའི་འཕྲིན། པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོས་ནེ་པ་ལར་ས་ཡོམ་རིམ་པ་8.1བརྒྱབ་ཏེ་མི་མང་པོར་ཤི་རྨས་ཐེབས་པ་དང་། ནེ་པ་ལ་དང་ཐག་ཉེ་བའི་བོད་ལྗོངས་གཞིས་རྩེ་རུའང་ས་ཡོམ་གྱི་གནོད་འཚེ་ཆེན་པོ་ཐེབས་པ་ཐོས་པས། ཐུགས་སེམས་རབ་ཏུ་སྐྱོ་བའི་ངང་ཚེས་26ཉིན་པཎ་ཆེན་རིན་པོ་ཆེས་ཆེད་དུ་འདས་པོ་རྣམས་བདེ་འགྲོར་སྐྱེས་ཤིང་གསོན་པོ་རྣམས་སྡུག་བསྔལ་དང་བྲལ་བའི་སྨོན་ལམ་བརྒྱབ།
         པཎ་ཆེན་རིན་པོ་ཆེའི་གསོལ་འདེབས།
          ནེ་པ་ལ་དང་བོད་ལྗོངས་གཞིས་རྩེ་རུ་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཐེབས་ཏེ། མི་མང་པོའི་ཚེ་སྲོག་དང་ཁྱིམ་གཞིས་བརླགས་པ་ཐོས་པས། ཐུགས་སེམས་རབ་ཏུ་སྐྱོ་བྱུང་། འདས་པོ་རྣམས་བདེ་འགྲོར་སྐྱེས་ཤིང་གསོན་པོ་རྣམས་སྡུག་བསྔལ་དང་བྲལ་བར་སྨོན། དཀོན་མཆོག་གསུམ་གྱིས་གནོད་ཐེབས་ས་ཁུལ་གྱི་འགྲོ་བ་སེམས་ཅན་ཐམས་ཅད་སྐྱབས་འོག་ནས་མི་འདོར་བར་མྱུར་དུ་གནོད་འཚེའི་གྲིབ་མ་ལས་ཐར་ཞིང་། ནང་སེམས་དང་ཕྱིའི་ཁྱིམ་གཞིས་སླར་གསོ་ཡོང་བའི་སྨོན་ལམ་འདེབས། ཨོཾ་མ་ཎི་པདྨེ་ཧཱུཾ།
                                                                                                                               པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོ།
                                                                                                                               2015ལོའི་ཟླ་4བའི་ཚེས་26ཉིན།
      

    ཕྱོགས་བསྡུས་གསར་འགྱུར།