འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གནོད་ཐེབས་མང་ཚོགས་རྣམས་བདེ་བཀོད་འོས་འཚམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་29ཉིན། 13:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།གནོད་ཐེབས་མང་ཚོགས་རྣམས་བདེ་བཀོད་འོས་འཚམས་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་25ཉིན་ནེ་པ་ལར་བྱུང་བའི་ས་ཡོམ་ཚབས་ཆེན་དེ་རང་རྒྱལ་བོད་ལྗོངས་ཀྱི་གཉའ་ནང་རྫོང་གྱི་ས་གཞི་སྤྱི་ལེ་གྲུ་བཞི་མ་7903གྱི་ཤང་གྲོང་7གྱི་སྲིད་འཛིན་གྲོང་ཚོ་44ལ་གནོད་སྐྱོན་ཐེབས་ཤིང་། དེའི་ཁྲོད་གཉའ་ནང་དང་འགྲམ་གྲོང་རྡལ་གཉིས་ལ་གནོད་འཚེ་ཚབས་ཆེན་ཐེབས་པ་དང་། ཁྱིམ་དུད་2723གྱི་མང་ཚོགས་ལ་གནོད་འཚེ་ཐེབས་ལ། ས་ཡོམ་ལས་མི་9རྐྱེན་ལམ་དུ་ཤོར་བ་དང་། མི་4གར་སོང་ཆ་མེད་དུ་གྱུར་ཅིང་། གནོད་ཐེབས་ས་ཁུལ་གྱི་མང་ཚོགས་13907བདེ་འཇགས་ངང་་གནས་སྤོས་བྱས་ཏེ་བདེ་བཀོད་བྱས་ཡོད་པ་རེད། 
         མིག་སྔར་གནོད་ཐེབས་མང་ཚོགས་བདེ་འགོད་འོས་འཚམས་བྱེད་རྒྱུ་དང་། རོགས་སྐྱོར་དངོས་རྫས་དང་འཚོ་བའི་ཉེར་སྤྱད་འགྲེམས་སྤྲོད་བྱེད་རྒྱུ་ས་གནས་དེ་གའི་སྲིད་གཞུང་གིས་གནོད་འགོག་གནོད་སེལ་བྱེད་རྒྱུའི་ལས་འགན་ཨང་དང་པོར་གྱུར་ཡོད་ཅིང་། གུར་དང་། ཉལ་གོས། སྲིང་བལ་གྱོན་གོས། གཏེར་ལྡན་ཆུ། སྟབས་བདེའི་རྒྱ་ཐུག  རྩམ་པ་ལ་སོགས་པའི་གཞི་རྩའི་འཚོ་བའི་མཁོ་རྫས་མང་ཚོགས་ཀྱི་ལག་ཏུ་སྐྱེལ་སྤྲོད་བྱས་པ་རེད།
    【1】  【2】  【3】  【4】
    ༄༅།།གནོད་ཐེབས་མང་ཚོགས་རྣམས་བདེ་བཀོད་འོས་འཚམས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།