འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།དུས་ཚིགས་དང་པོར་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་ཁྲལ་དངུལ་སྒོར་དུང་
    ཕྱུར་240ཆག་ཡང་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 10:08】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་གོང་ཚེས་ཉིན་ཡོངས་བསྒྲགས་བྱས་པའི་བསྡོམས་རྩིས་གྲངས་གཞིར་གཞིགས་ན། འདི་ལོའི་དུས་ཚིགས་དང་པོར་རྒྱལ་ཁབ་ཀྱིས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་ལ་རིམ་རྩིས་ལྟར་ན་ཁྲལ་དངུལ་སྒོར་དུང་ཕྱུར་240ཆག་ཡང་བཏང་བའི་ཁྲོད་ཐོབ་ཁྲལ་གྱི་ཕྱེད་འཐེན་ཁྲལ་བསྡུའི་སྲིད་ཇུས་ལོངས་སུ་སྤྱོད་མཁན་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དུད་ཚང་ཁྲི་216ཡོད་པར་ཕན་འབྲས་ཐོབ་ཁྱོན་90%ཡན་ཟིན་པ་དང་ཁྲལ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར་51ཆག་ཡང་བཏང་བ་དང་། གནས་ཐང་འཕར་ཁྲལ་དང་ལས་གཉེར་དཔྱ་ཁྲལ་གནས་སྐབས་མི་བསྡུ་རྒྱུའི་སྲིད་ཇུས་ལོངས་སུ་སྤྱོད་མཁན་གྱི་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྱོན་ཁྲི་2700ཡོད་པར་ཁྲལ་དངུལ་སྒོར་དུང་ཕྱུར་189ཆག་ཡང་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།