འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་23པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་28ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་23པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་མཇུག་འགྲིལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་26ཉིན་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གྱིས་གཙོ་གཉེར་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་། པེ་ཅིང་ལུས་རྩལ་སློབ་ཆེན་བཅས་ཀྱིས་རོགས་གཉེར་གནང་བའི་སྐབས་23པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་རྒྱལ་ཁའི་ངང་མཇུག་འགྲིལ་བ་རེད།
         གཟའ་འཁོར་བཞི་ཡི་གཟའ་མཇུག་གི་དུས་ཚོད་སྤྱད་ནས་སྐབས་23པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་བསྡུར་བྱས་མཐར། སློབ་མའི་སྡེ་ནས་སྐྱེས་པ་རུ་ཁག་གི་ནང་པེ་ཅིང་ལུས་རྩལ་སློབ་ཆེན་གྱིས་ཨང་དང་པོ་དང་། ཀྲུང་དབྱང་ནོར་སྲིད་སློབ་ཆེན་གྱིས་ཨང་གཉིས་པ། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་སློབ་གླིང་གིས་ཨང་གསུམ་པ་རིམ་ལྟར་བླངས་པ་དང་། སྐྱེས་མ་རུ་ཁག་ནང་པེ་ཅིང་བོད་ལྗོངས་མཐོ་འབྲིང་གིས་ཨང་དང་པོ་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་གྱིས་ཨང་གཉིས་པ། པེ་ཅིང་ཞིང་ལས་ནགས་ལས་སློབ་ཆེན་མཉམ་འབྲེལ་གྱིས་ཨང་གསུམ་པ་བཅས་རིམ་ལྟར་བླངས་པ། ལས་ཁུངས་ཀྱི་སྡེ་ནས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་ཨང་དང་པོ་དང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་དང་མི་དམངས་དྲ་བ་༼སྨྱན་སྦྱར་མཉམ་སྦྲེལ་རུ་ཁག༽ཡིས་ཨང་གཉིས་པ་བླངས་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།སྐབས་23པའི་ཅིང་སྡོད་བོད་མིའི་སྲོང་བཙན་སྐྱེས་བུམ་གཟེབ་གྲུག་འགྲན་ཚོགས་མཇུག་འགྲིལ་བ།
      

    ཕྱོགས་བསྡུས་གསར་འགྱུར།