འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཡོམ་འགོག་གེགས་སེལ་གྱི་རྗེས་མཐུད་ལས་དོན་གོ་རིམ་ལྡན་ངང་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ནེ་པ་ལའི་ས་ཡོམ་རིམ་པ་8.1གི་ཤུགས་རྐྱེན་ཕོག་པའི་རྐྱེན་གྱིས་ཚེས་2ཉིན་གྱི་ཕྱི་དྲོ་བར་བོད་དུ་མི་26རྐྱེན་ལམ་དུ་ཤོར་བ་དང་། མི་3གར་སོང་ཆ་མེད་དུ་གྱུར་པ། མི་856ལ་རྨས་སྐྱོན་ཕོག་པ། སྡོད་ཁང་2699རྡིབ་པ། སྡོད་ཁང་37244ལ་གཏོར་སྐྱོན་ཕོག་པ་བཅས་རེད། ཆོད་སྡོམ་བྱས་པ་བརྒྱུད་ཉེན་ཡོད་སྡོད་ཁང་1860དང་བསྐྱར་གསོ་བྱེད་རིན་མེད་པའི་སྡོད་ཁང་(ཞིབ་བཤེར་རགས་ཙམ་བྱེད་པ)15767ཡོད་པ་རེད།
         ས་ཡོམ་ཀྱིས་གཞིས་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་དང་། གཉའ་ལམ། དིང་རི། ངམ་རིང་། གཏིང་སྐྱེས། ས་དགའ། རྒྱལ་རྩེ། འབྲོང་པ། ལྷ་རྩེ། གྲོ་མོ། རྣམ་གླིང་། གམ་པ། ཁང་དམར། བཞད་མཐོང་སྨོན། ས་སྐྱ་བཅས་རྫོང་དང་བསམ་གྲུབ་རྩེ་ཆུས་སོགས་རྫོང་དང་ཆུས་16གི་དགོན་སྡེ་173ལ་ཚད་གཞི་མི་འདྲ་བའི་གཏོར་སྐྱོན་ཕོག་པ་དེའི་ནང་གཏོར་སྐྱོན་ཚབས་ཆེ་ཤོས་ཕོག་པའི་དགོན་སྡེ་54དང་། གཏོར་སྐྱོན་འབྲིང་བ་ཕོག་པའི་དགོན་སྡེ་37 གཏོར་སྐྱོན་ཆུང་ཙམ་ཕོག་པའི་དགོན་སྡེ་82བཅས་དང་གེགས་བར་བྱུང་བའི་གྲྭ་བཙུན་1873ཡོད་པ་རེད། མིག་སྔར་གེགས་ཁུལ་གྱི་གྲྭ་བཙུན་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པའི་སེམས་པ་ལྷིང་འཇགས་དང་རྒྱུན་གཏན་དང་མི་འདྲ་བའི་གནས་ཚུལ་ཐོན་མེད་པ་རེད།
         མིག་སྔར་གེགས་ཁུལ་གྱི་སྦྲེལ་ཚུགས་388ནང་སྒུལ་བདེའི་འཕྲིན་གཏོང་སྦྲེལ་ཚུགས་35ཞབས་ཞུ་བྱེད་མཚམས་བཞག་པ་རེད། གཉའ་ལམ་རྫོང་གི་ས་ཁོངས་ཁག་གཅིག་གི་འཕྲིན་གཏོང་བརྟན་པོ་མེད་པ་དང་འགྲམ་གྲོང་རྡལ་གྱི་འཕྲིན་གཏོང་སྔར་བཞིན་ཆད་པ་དང་། སྐྱིད་གྲོང་རྫོང་རི་ཟུར་ཟམ་པའི་འགག་སྒོའི་སྒུལ་བདེའི་འཕྲིན་གཏོང་བརྡ་རྟགས་ཆད་ནས་མྱུར་བཟོ་བྱེད་བཞིན་ཡོད་པ། དིང་རི་རྫོང་རོང་ཤར་ཤང་གིས་སྒུལ་བདེའི་འཕྲལ་སྡོམ་རླངས་འཁོར་དང་འབྲེལ་བ་ཐུབ་ནས་ཕྱི་རོལ་དུ་ཕྱོགས་རྐྱང་མའི་འབྲེལ་བ་ཐུབ་པ་ཙམ་དང་ཆུ་སྟེང་ཤང་གི་འཕྲིན་གཏོང་བརྟན་པོ་མེད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།