འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཨན་པེས་ཨ་རིའི་རྒྱལ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས་ལོ་རྒྱུས་གནད་དོན་ཐད་དགོངས་
    སེལ་ཞུ་རྒྱུ་ཁས་མ་བླངས་སྟབས་ཨ་རིའི་གྲོས་མིའི་ཁ་རྡུང་ཕོག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་གྱིས་ཚེས་29ཉིན་ཨ་རིའི་རྒྱལ་ཚོགས་ཐོག་གཏམ་བཤད་སྤེལ་སྐབས་བཙན་འཛུལ་ལོ་རྒྱུས་དང“འདོད་སྐོང་མའི”གནད་དོན་ཐད་དགོངས་སེལ་ཞུ་རྒྱུ་ཁས་མ་བླངས་སྟབས་ཨ་རིའི་གྲོས་མི་ཁ་ཤས་ཀྱིས་ཁ་རྡུང་དྲག་པོ་བཏང་བ་རེད།
         ཨན་པེས་གཏམ་བཤད་སྤེལ་སྐབས་རི་པིན་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་དམག་འཁྲུག་ཐད་ཀྱི“རང་ཉེས་ལ་བསམ་གཞིག་ཟབ་མོ”བཅངས་བཞིན་གོམ་པ་གསར་པ་སྤོས་ཡོད་ཅེས་བཤད་པ་དང་ཁོང་གིས“ང་ཚོའི་བྱ་སྤྱོད་ཀྱིས་དེ་སྔ་ཨེ་ཤེ་ཡའི་རྒྱལ་ཁབ་ཀྱི་མི་དམངས་ལ་སྡུག་བསྔལ་བཟོས་པས་ང་ཚོས་དེའི་ཐད་གཡོལ་ཐབས་མེད། ངས་དབུ་བཞུགས་བློན་ཆེན་ཟུར་པས་དེའི་ཐད་འཛིན་པའི་ལྟ་བ་རྒྱུན་འཁྱོངས་བྱ་རྒྱུ་ཡིན”ཞེས་བཤད་པ་རེད།
         ཨ་རིའི་གྲོས་ཁང་འོག་མའི་གྲོས་མི་མའེ་ཁེ•པེན་ཐན་གྱིས“མི་རྣམས་ཧང་སངས་དགོས་པ”དང“ངོ་ཚ་ཁྲེལ་མེད”སོགས་ཀྱི་མིང་ཚིག་ཐོག་ནས་ཁོང་གི་མྱོང་ཚོར་གླེང་བ་དང་ཁོང་གིས་ཨན་པེས་ལོ་རྒྱུས་ལ་ལྟ་སྟངས་ཡང་དག་འཛིན་རྒྱུ་ཁས་མ་བླངས་པ་དེ་ནི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི“འདོད་སྐོང་མ”ཁྲི་20ལ“དམའ་འབེབས་བྱས་པ”ཞིག་ཡིན་པས“དེ་དང་ལེན་བྱེད་ཐབས་བྲལ་བ་ཞིག་རེད”ཅེས་བཤད་པ་རེད།
         ཨ་རིའི་གྲོས་ཁང་འོག་མའི་གྲོས་མི་ཀྲའོ་མེ་ཤིན་གྱིས་རི་པིན་གྱི“མི་སེམས་མི་བདེ་བ་དང་སྡུག་བསྔལ་གྱི་དུས་སྐབས”དེའི་འགན་འཁྲི་སྣང་མེད་དུ་གཏོང་བའི་ཨན་པེའི་བྱེད་སྤྱོད་ལ་སྐྱོན་བརྗོད་བྱས་ཤིང་། ཁོང་གིས་རི་པིན་གྱིས་རྟག་ཏུ་མིག་རྒྱང་མདུན་ཕྱོགས་སུ་ལྟ་གི་ཡོད་ཅེས་ཨན་པེས་འུད་སྒྲོག་བྱེད་ཀྱི་ཡོད་མོད།“འོན་ཀྱང་འགན་འཁྲི་ཁུར་སེམས་དང་རང་ཉེས་བསམ་གཞིག་བྱེད་སེམས་མེད་ཚེ་མདུན་སྐྱོད་བྱེད་མི་ཐུབ”ཅེས་བཤད་པ་རེད།
         ཚེས་26ཉིན་ཨ་རིར་སླེབས་པ་ནས་བཟུང་ཨན་པེ་གང་དུ་སླེབས་རིམ་བཞིན་ལོ་རྒྱུས་ཀྱི་གནད་དོན་ཐད་དགོངས་སེལ་ཞུ་རྒྱུའི་བླང་བྱ་འདོན་པའི་རྒོལ་གཏམ་གཏོང་མཁན་གྱིས་ཁེངས་ཡོད། ཚེས་28ཉིན་ཨན་པེས་ཕོ་བྲང་དཀར་པོར་ཨ་རིའི་ཙུང་ཐུང་ཨའོ་པ་མ་དང་གླེང་མོལ་བྱས་རྗེས་མཉམ་འབྲེལ་གསར་འགྱུར་ཡོངས་བསྒྲགས་ཐོག་ཀྱང་བཙན་འཛུལ་ལོ་རྒྱུས་དང“འདོད་སྐོང་མའི”གནད་དོན་ཐད་དགོངས་སེལ་ཞུ་རྒྱུ་ཁས་བླངས་མེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།