འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་དམངས་ཚོགས་ཀྱིས་ནེ་པ་ལར་བྱུང་བའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་
    ལ་མཆོད་མེ་བསྒྲོན་ནས་བསྔོ་སྨོན་ཞུ་བ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུལ་ཤུལ་དམངས་ཚོགས་ཀྱིས་ནེ་པ་ལར་བྱུང་བའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་
ལ་མཆོད་མེ་བསྒྲོན་ནས་བསྔོ་སྨོན་ཞུ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན་གྱི་དགོང་མོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་གྲོང་ཁྱེར་གྱི་དམངས་ཚོགས་དང་དགེ་འདུན་ཚོ་སྐྱེ་རྒུ་དོན་འགྲུབ་གླིང་དུ་ནེ་པ་ལར་བྱུང་བའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་ལ་མཆོད་མེ་བསྒྲོན་ནས་བསྔོ་སྨོན་ཞུས་པ་རེད། ལོ་ལྔའི་སྔོན་ལ་ཡུལ་ཤུལ་དམངས་ཚོགས་ས་ཡོམ་རིམ་པ་7.1བརྒྱུད་མྱོང་བས། ཁོང་ཚོར་གཉེན་ཉེ་དང་བྲལ་བ་དང་ཁྱིམ་གཞིས་གཏོར་བརླག་ཏུ་སོང་བའི་སྡུག་བསྔལ་གྱི་མནར་བ་མྱོང་ཚོར་ཟབ་མོ་ཡོད་པས། ནེ་པ་ལར་ས་ཡོམ་བྱུང་བའི་ཉིན་དང་པོའི་དགོང་མོ་ནས་བཟུང་ཡུལ་ཤུལ་དམངས་ཚོགས་ཚང་མ་རང་འགུལ་ངང་གེ་སར་རྒྱལ་པོ་ཐང་ཆེན་དང་། སྐྱེ་རྒུ་དོན་འགྲུབ་གླིང་། མ་ནི་རྡོ་འབུམ་བཅས་སུ་བསྐྱོད་དེ་མཆོད་མེ་བསྒྲོན་ནས་རྐྱེན་ལམ་དུ་ཤོར་བ་རྣམས་ལ་བསྔོ་སྨོན་ཞུ་བ་དང་སྐྱེས་བུ་རྣམས་ལ་གཡང་གསོལ་ཞུ་བཞིན་ཡོད་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཡུལ་ཤུལ་དམངས་ཚོགས་ཀྱིས་ནེ་པ་ལར་བྱུང་བའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བ་རྣམས་
ལ་མཆོད་མེ་བསྒྲོན་ནས་བསྔོ་སྨོན་ཞུ་བ།
      

    ཕྱོགས་བསྡུས་གསར་འགྱུར།