འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་30ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོམ་འགོག་གེགས་སེལ་ཁྲོད་ལྷ་ས་ལྕགས་ལམ་ཉེན་རྟོག་པས་ཉིན་མཚན་བལྟོས་མེད་ཀྱིས་
    གེགས་སེལ་དངོས་རྫས་སྲུང་སྐྱེལ་བྱེད་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་30ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡོམ་འགོག་གེགས་སེལ་ཁྲོད་ལྷ་ས་ལྕགས་ལམ་ཉེན་རྟོག་པས་ཉིན་མཚན་བལྟོས་མེད་ཀྱིས་
གེགས་སེལ་དངོས་རྫས་སྲུང་སྐྱེལ་བྱེད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་28ཉིན་གྱི་སྐྱ་རེངས་གེགས་སེལ་དངོས་རྫས་སྐྱེལ་འདྲེན་ཆེད་སྤྱོད་མེ་འཁོར་ལྷ་སའི་ནུབ་མེ་འཁོར་འབབ་ཚུགས་ཀྱི་དོས་རར་འབྱོར་པ་རེད། གེགས་སེལ་དངོས་རྫས་ཁག་དང་པོ་གཙོ་བོ་ནི་གུར་དང་། ཟས་རིགས། རླངས་སྣུམ། ཁྲའེ་ཡིའུ་སྣུམ་བཅས་དང་ས་ཡོམ་བྱུང་རྗེས་བསྐྱར་སྐྲུན་བྱེད་རྒྱུར་མཁོ་བའི་ཨར་ལས་རྒྱུ་ཆ་སོགས་རེད། ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་མི་དམངས་ཉེན་རྟོག་པ་ཚོས་སྟོབས་ཤུགས་ཡོད་དགུ་ཡིས་གེགས་སེལ་དངོས་རྫས་བདེ་འཇགས་ངང་བརྒྱུད་སྐྱེལ་བྱེད་པ་དང་མཐར་གེགས་ཁུལ་དུ་འབྱོར་བར་འགན་ལེན་ཏན་ཏིག་བྱེད་བཞིན་ཡོད། པར་རིས་འདི་ནི་ལྷ་སའི་ལྕགས་ལམ་སྤྱི་བདེ་ཁྲུའུ་ཡི་མི་དམངས་ཉེན་རྟོག་པ་ཚོས་གྲ་སྒྲིག་ཨང་གསར་བྱས་ནས་ལྷ་སའི་ནུབ་མེ་འཁོར་འབབ་ཚུགས་ཀྱི་དོས་རར་བསྐྱོད་དེ་བོད་ལྗོངས་ལ་དྲངས་པའི་གེགས་སེལ་དངོས་རྫས་བདེ་འཇགས་ངང་དབོར་འདྲེན་བྱེད་པར་འགན་ལེན་ཏན་ཏིག་བྱེད་རྩིས་ཡོད་པ།
    【1】  【2】  【3】  【4】  【5】
    ༄༅།།ཡོམ་འགོག་གེགས་སེལ་ཁྲོད་ལྷ་ས་ལྕགས་ལམ་ཉེན་རྟོག་པས་ཉིན་མཚན་བལྟོས་མེད་ཀྱིས་
གེགས་སེལ་དངོས་རྫས་སྲུང་སྐྱེལ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།