འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་ཁྲི་8821.9ཡོད་པ།

    གཞི་རིམ་སྡེ་ཚོགས་རྩ་འཛུགས་ཁྱོན་ཁྲི་387.6ཡོད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་05ཉིན། 10:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་ནས་ཤེས་རྟོགས་བྱུང་བ་ལྟར་ན། གུང་གཞོན་སྡེ་ཚོགས་ཀྲུང་དབྱང་རྩ་འཛུགས་པུའུ་ཡིས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཡོངས་སྡེ་ཚོགས་ནང་ཁོངས་ཀྱི་བསྡོམས་རྩིས་གྲངས་གཞི་གསར་པ་ལས་མངོན་གསལ། 2014ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་གུང་གཞོན་སྡེ་ཚོགས་ཀྱི་ཚོགས་མི་ཁྱོན་ཁྲི་8821.9ཡོད་པ་དང་གཞི་རིམ་སྡེ་ཚོགས་རྩ་འཛུགས་ཁྱོན་ཁྲི་387.6ཡོད། དེའི་ནང་གཞི་རིམ་སྡེ་ཚོགས་ཨུ་ལྷན་ཁྲི་29.3དང་། གཞི་རིམ་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་ཁྲི་2.2 སྡེ་ཚོགས་སྤྱི་ཁྱབ་ཀྲི་པུའུ་ཁྲི་21.7 སྡེ་ཚོགས་ཀྲི་པུའུ་ཁྲི་334.4བཅས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།