འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།“གུར་གྱི་སློབ་ཆུང”ནས་དགའ་བའི་འཛུམ་མདངས་འཕྱུར།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་02ཉིན། 11:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།“གུར་གྱི་སློབ་ཆུང”ནས་དགའ་བའི་འཛུམ་མདངས་འཕྱུར།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ས་ལེབ་ཆ་ཚང་སློབ་ཆུང་དེ་བོད་ཀྱི་མཐའ་མཚམས་གྲོང་ཚོ་ས་ལེབ་གྲོང་ཚོར་ཡོད་ཅིང་། ད་ཐེངས་ས་ཡོམ་ནང་ས་ལེབ་ཆ་ཚང་སློབ་ཆུང་གི་ཉལ་ཁང་དང་། སློབ་ཁང་། དགེ་རྒན་གྱི་གཞུང་ལས་ཁང་བཅས་ལོག་ནས་སློབ་མཚམས་འཇོག་དགོས་བྱུང་བ་རེད། ས་ལེབ་གྲོང་ཚོའི་བདེ་འཇགས་བཀོད་སྒྲིག་ཁུལ་དུ་གུར་གྱི་སློབ་ཁང་གཉིས་དང་གུར་གྱི་ཉལ་ཁང་གསུམ་བརྒྱབ་ཡོད། ཚེས་28ཉིན་བདེ་འཇགས་བཀོད་སྒྲིག་ཁུལ་དུ་གློག་ཤར་གཏོང་ཐུབ་པ་དང་དགེ་རྒན་ཚོས་ཉེ་འཁོར་གྱི་གྲོང་ཚོ་ནས་ཆུ་ལེན་པར་སྐྱོད་ཀྱི་ཡོད། དགེ་སློབ་རྣམས་གུར་ནང་རྒྱུན་གཏན་བཞིན་སློབ་ཁྲིད་བྱེད་པ་དང་ཞག་སྡོད་བྱེད་ཅིང་། འདི་ནི་ཟླ་4ཚེས་29ཉིན་རྒྱལ་རྩེ་རྫོང་ནས་ཡོང་བའི་ཚན་རིག་དགེ་རྒན་པ་སངས་རྒྱལ་པོས་གུར་ནང་སློབ་ཁྲིད་བྱེད་བཞིན་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།