འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>འཁྲབ་སྟོན་བྱེད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་23ཉིན། 09:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>འཁྲབ་སྟོན་བྱེད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་20ཉིན་གྱི་མཚན་མོར་དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>ལྷ་སར་འཁྲབ་སྟོན་བྱས་ཤིང་། གཟིགས་མོ་བ་2000ལྷག་གི་ཡིད་དབང་འཕྲོག་ཡོད་ཅིང་། འདི་ནི་དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>ཞེས་པ་འདི་ལོར་འཁྲབ་སྟོན་བྱེད་འགོ་ཚུགས་པ་མཚོན་ཡོད་པ་རེད།
         <<འུན་ཤིང་ཀོང་ཇོའི་>>སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་པ་དང་སྤྱི་ཁྱབ་འཁྲབ་ཁྲིད་པ་གཞོན་པ་པད་སྐྱིད་ཀྱིས་དངོས་ལྗོངས་ཟློས་གར་དེས་ཐང་རྒྱལ་རབས་ཀྱི་གླུ་གར་དང་བོད་ལྗོངས་ས་ཁུལ་དུ་དར་ཁྱབ་ཡུན་རིང་བྱུང་བའི་བོད་གཞས་དང་། ལྷ་མོ། དུང་སྒྲ། ཞལ་འདོན་སོགས་ཀྱི་སྒྱུ་རྩལ་རྣམ་པ་ཕྱོགས་བསྡུས་ཐོག་སྤྱད་དེ་ལྷ་སའི་རི་ཆུ་ཀླུང་གསུམ་གྱི་རྒྱབ་ལྗོངས་འོག་མི་བཟོས་གར་སྟེགས་དང་ཚན་རྩལ་མཐོ་བའི་མཐོང་ཐོས་ལག་རྩལ་ལ་བརྟེན་ནས་ཟློས་གར་དང་། རོལ་དབྱངས། ཞབས་བྲོ་བཅས་དེང་རབས་ཀྱི་གར་སྟེགས་མཛེས་རིས་བཅས་དང་མཉམ་འདྲེས་བྱས་ཏེ་འུན་ཤིང་ཀོང་ཇོས་ལེ་དབར་ཁྲི་བརྒལ་བ་དང་དཀའ་ངལ་ཁྱད་བསད་ཀྱིས་འགྱོད་སེམས་མེད་པར་བོད་དུ་གཉེན་སྒྲིག་བྱེད་པར་ཡོང་བའི་བརྒྱུད་རིམ་འཁྲབ་སྟོན་བྱས་ཡོད་ཅེས་བཤད།
         གསར་འགོད་པས་ཤེས་རྟོགས་བྱས་པ་ལྟར་ན། ཟློས་གར་དེར་མང་ཚོགས་ཀྱི་འཁྲབ་སྟོན་པ་དང་ཆེད་ལས་འཁྲབ་སྟོན་པ་མི་800ལྷག་ཙམ་ཡོད་པ་དང་། འདི་ལོ་ནས་བཟུང་འཁྲབ་སྟོན་པ་95%ས་གནས་དེ་གའི་མང་ཚོགས་སྤྱོད་རྒྱུ་ཡིན་པས། མི་600ལྷག་ཙམ་ཐད་ཀར་ལས་ཞུགས་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
    ༄༅།།དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>འཁྲབ་སྟོན་བྱེད་འགོ་ཚུགས་པ།
    ༄༅།།དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>འཁྲབ་སྟོན་བྱེད་འགོ་ཚུགས་པ།
    ༄༅།།དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>འཁྲབ་སྟོན་བྱེད་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།