འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་གྱི་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་གི་སྒོ་ཕྱི་ཕྱོགས་ལ་ཕྱེ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 13:21】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུལ་ཤུལ་གྱི་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་གི་སྒོ་ཕྱི་ཕྱོགས་ལ་ཕྱེ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་14ཉིན་གྱི་སྔ་དྲོར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་ཡུལ་ཤུལ་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་སྒོ་ཕྱི་ཕྱོགས་ལ་དངོས་སུ་ཕྱེ་བ་རེད། ཡུལ་ཤུལ་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་ནི་ཡུལ་ཤུལ་གེགས་རྗེས་བསྐྱར་སྐྲུན་བྱས་པའི"མཚོན་རྟགས་ཀྱི་རང་བཞིན་ལྡན་པའི་བཟོ་སྐྲུན་ཆེན་པོ་བཅུ"ཡི་ཡ་གྱལ་ཡིན་ཞིང་། དེ་ནི་2012ལོའི་ཟླ་4ཚེས་10ཉིན་ནས་དངོས་སུ་ཨར་ལས་བྱེད་འགོ་ཚུགས་པ་དང་། 2013ལོའི་ཟླ་10ཚེས་30ཉིན་ཨར་ལས་ལེགས་འགྲུབ་བྱུང་། དྲན་གསོ་ཁང་གི་ས་བཟུང་རྒྱ་ཁྱོན་སྨི་གྲུ་བཞི་མ་5776དང་། དེའི་ནང་གེགས་ཤུལ་གྱི་ས་བཟུང་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་498ཡོད་ཅིང་། དྲན་གསོ་ཁང་ནི་ས་ཡོམ་རྗེས་ཤུལ་དང་། དྲན་གསོ་ཁང་གཙོ་བོ། དྲིན་གཟོའི་ཐང་ཆེན་བཅས་གསུམ་ལས་གྲུབ་ཅིང་། བཟོ་བཀོད་ལ་ས་ཐོག་ཐོག་རིམ་གཅིག་དང་ས་འོག་ཐོག་རིམ་གཉིས་ཡོད་ཅིང་། ས་ཡོམ་འགོག་ཚད་ཏུའུ་7རེད།
         ཤེས་རྟོགས་བྱུང་བ་ལྟར་ན། ཡུལ་ཤུལ་གྱི་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་ནི་ཀྲུང་གོའི་ས་བབ་མཐོ་བའི་ས་ཁུལ་དུ་དཀའ་སྤྱད་ཧུར་ཐག་གིས་ཡོམ་འགོག་གནོད་སེལ་བྱས་པའི་དོན་དངོས་མཚོན་པའི་འགྲེམས་སྟོན་ཁང་ཐོག་མ་ཡིན་པ་རེད།
    ༄༅།།ཡུལ་ཤུལ་གྱི་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་གི་སྒོ་ཕྱི་ཕྱོགས་ལ་ཕྱེ་བ།
    ༄༅།།ཡུལ་ཤུལ་གྱི་ཡོམ་འགོག་གནོད་སེལ་དྲན་གསོ་ཁང་གི་སྒོ་ཕྱི་ཕྱོགས་ལ་ཕྱེ་བ།
      

    ཕྱོགས་བསྡུས་གསར་འགྱུར།