འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་ལོ་ལྔ་བསྟུད་མར་ཀྲུང་གོའི་བདེ་སྐྱིད་སྟོན་གྲངས་ཆེ་ཤོས་ཀྱི་གྲོང་ཁྱེར་
    དུ་བདམས་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་བཏོན་པའི་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱི་མི་འབོར་ཆེས་མང་ཆེ་བ་ལོ་ངོ་སྟོང་རྒྱུན་མཐུད་པའི་དབུལ་པོ་ལས་སྒྲོལ་ནས་འབྱོར་འབྲིང་འཚོ་བ་སྤྱིར་ན་སྐྱེལ་ཐུབ་ཡོད་ཅེས་བསྟན་པ་རེད། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། ཀྲུང་གོ་སྦྲག་སྲིད་ཚོགས་པ་ཀུང་སི། ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་བཅས་ཀྱིས་མཉམ་འབྲེལ་ཐོག“CCTVདཔལ་འབྱོར་འཚོ་བའི་བརྟག་དཔྱད་ཆེ་མོ”བྱེད་རིང་ལྷ་ས་གྲོང་ཁྱེར་ལོ་ལྔ་བསྟུད་མར་ཀྲུང་གོའི་བདེ་སྐྱིད་སྟོན་གྲངས་ཆེ་ཤོས་ཀྱི་གྲོང་ཁྱེར་དུ་བདམས་པ་རེད།
         2013ལོར་བོད་ཀྱི་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་སྒོར་དུང་ཕྱུར་807.67ཟིན་པ་དང་། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་6578ཟིན་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་20023ཟིན་པ་དང་། 2006ལོ་ནས་བཟུང་ལག་ལེན་བསྟར་བའི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་སྒོ་ཀུན་ནས་ལེགས་གྲུབ་ཟིན་ནས་དུད་ཚང་ཁྲི་46.03གྱི་ཞིང་འབྲོག་པ་ཁྲི་230བདེ་འཇགས་ལྡན་ལ་གོ་ཆོད་པའི་སྡོད་ཁང་ནང་སྡོད་རྒྱུ་བྱུང་བ། ཞིང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་གནས་སྡོད་གཞི་ཁྱོན་སྨི་ངོས་གྲུ་30.51ཟིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་ཀྱི་གནས་སྡོད་གཞི་ཁྱོན་སྨི་ངོས་གྲུ་42.81ཟིན་པ། མི་འབོར་ཆེས་མང་དུ་ཕྱིན་ནས་2013ལོར་མི་ཁྲི་312.04ཟིན་པ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ་68.2ཡིན་པ་ནི་དུས་རབས་20པའི་ལོ་རབས་50པའི་དུས་འགོའི་ལྡབ་གསུམ་དང་ལྡབ་གཉིས་སོ་སོ་ཡིན་པ་བཅས་རེད།
         བོད་དུ་རྒྱལ་ཡོངས་ནས་སློབ་ཞུགས་གོང་གི་སློབ་གསོ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་སློབ་གསོ་བཅས་ལོ་15རིང་སློབ་ཡོན་མི་དགོས་པའི་སློབ་གསོ་སྔོན་དུ་མངོན་འགྱུར་བྱུང་བ་དང་སློབ་ཆུང་གི་ན་ལོན་བྱིས་པ་སློབ་ཞུགས་བྱས་ཚད་99.59%ཟིན་པ་དང་། དམའ་རིམ་སློབ་འབྲིང་གི་ན་འདྲེས་སློབ་མ་98.75%ཟིན་པ། མཐོ་རིམ་སློབ་འབྲིང་དུས་མཚམས་ཀྱི་ན་འདྲེས་སློབ་མ་72.23%ཟིན་པ་བཅས་རེད། གཞོན་ནུ་དང་དར་མ་ཡིག་རྨོངས་སྤྱིར་ན་མེད་པར་གྱུར་ནས་ལོ་15ཡན་གྱི་མི་འབོར་ཆ་སྙོམས་སློབ་གསོ་ཐེབས་པའི་ལོ་ཚད་ལོ་8.1ཟིན་ཡོད་པ་རེད། གཞི་རྩའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་སྤྱིར་ན་བཙུགས་ནས་རིན་མི་དགོས་པའི་སྨན་བཅོས་རྨང་གཞིར་བྱེད་པའི་ཞིང་འབྲོག་ཁུལ་གྱི་སྨན་བཅོས་ལམ་ལུགས་དེ་ཞིང་འབྲོག་པ་ཡོངས་ལ་ཁྱབ་པ་དང་། སྲིད་གཞུང་གི་འགྲོ་གྲོན་ཁ་གསབ་ཚད་གཞི་དེ་2014ལོར་ལོར་མི་རེའི་ཆ་སྙོམས་སྒོར་380བར་སྤར་བ། རྒྱལ་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་རིན་མི་དགོས་པར་གཟུགས་པོ་བརྟག་དཔྱད་བྱ་རྒྱུ་སྔོན་དུ་མངོན་འགྱུར་བྱུང་བ་བཅས་རེད། 
      

    ཕྱོགས་བསྡུས་གསར་འགྱུར།