འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།<<དག་ཡིག་གསར་བསྒྲིགས་དག་བཅོས་མའི་>>པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་
    ཟི་ལིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་13ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།<<དག་ཡིག་གསར་བསྒྲིགས་དག་བཅོས་མའི་>>པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་
ཟི་ལིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་སྔོན་གྱི་རྩོམ་སྒྲིག་པ། དེང་རབས་བོད་ཀྱི་མཁས་པ། བོད་ཀྱི་དེང་རབས་རྩོམ་རིག་གི་རྨང་འདིང་མཁན། རྒྱ་བོད་རིག་གཞུང་སྨྲ་བའི་ཁྱུ་མཆོག བོད་ཀྱི་རྩོམ་རིག་གི་ཞིང་ས་གཤིན་པོ་<<སྦྲང་ཆར་>>དུས་དེབ་གསར་འདོན་བྱེད་མཁན་ཨ་ཁུ་འགྱུར་མེད་ལགས་ཀྱིས་ལོ་ངོ་དུ་མར་སེམས་ཤུགས་ཡོད་རྒུ་རྩལ་དུ་སྦྲུག་ནས་ལེགས་འགྲུབ་བྱུང་བའི<<དག་ཡིག་གསར་བསྒྲིགས་དག་བཅོས་མ་>>ཐེངས་དང་པོར་པར་སྐྲུན་འགྲེམ་སྤེལ་གྱི་མཛད་སྒོ་དེ་རིང་སྔ་དྲོའི་ཆུ་ཚོད་བཅུ་དང་ཕྱེད་ཀའི་སྟེང་ཟི་ལིང་བཞི་མདོ་ཆེན་མོའི་ཞིན་ཧྭ་དཔེ་ཁང་ནས་དངོས་སུ་བསྡུས་ཤིང་། ཐེངས་འདིའི་པར་སྐྲུན་འགྲེམ་སྤེལ་མཛད་སྒོའི་སྟེང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི་ཧྲེ་ཀྲང་དང་སྤྱི་ཁྱབ་རྩོམ་སྒྲིག་པ་ཆིས་ཀྲིན་ཞན་དང་། མཚོ་སྔོན་ཞིང་ཆེན་ཞིན་ཧྭ་དཔེ་ཁང་གི་མགོ་གཙོ་ཝང་ཅིན་ཧེས། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་སངས་རྒྱས། བོད་ཀྱི་མཁས་པ་ཆེན་པོ། <<སྦྲང་ཆར་>>དུས་དེབ་སྔོན་ཆད་ཀྱི་གཙོ་སྒྲིག་པ་ཟླ་བ་བློ་གྲོས། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ལྕགས་ཐར་རྒྱལ། བོད་ཀྱི་མཁས་པ་གྲགས་ཅན། <<དག་ཡིག་གསར་བསྒྲིགས་དག་བཅོས་མ་>>ལེགས་བཅོས་མཛད་པ་པོ་ཨ་ཁུ་འགྱུར་མེད། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་རིང་བཅས་མཛད་སྒོའི་སྟེང་ཞུགས་པ་མ་ཟད། ད་དུང་ཟི་ལིང་ན་ཡོད་པའི་བོད་ཀྱི་ལས་ཁུངས་ཁག་གི་གསར་འགོད་པ་དང་སྤྱི་ཚོགས་སྟེང་གི་རིག་གནས་གཉེར་མཁན་མི་ཉུང་བ་ཞིག་ཀྱང་ཟབ་ཞུགས་བྱས་ཡོད།
         <<དག་ཡིག་གསར་བསྒྲིགས་>>1979ལོར་པར་དུ་བསྐྲུན་པ་ནས་བཟུང་རྒྱ་ཆེའི་ཀློག་མཁན་རྣམས་ཀྱིས་བསྔགས་བརྗོད་དང་གདེང་འཇོག་ཚད་མཐོན་པོ་མཛད་ཅིང་། ད་ལྟའི་བར་དེབ་གྲངས་ཁྲི་60ལྷག་འགྲེམ་སྤེལ་བྱས་པ་རེད། དུས་རབས་འཕེལ་རྒྱས་ཀྱི་འགྲོས་དང་ཀློག་པ་པོའི་དགོངས་འཆར་ལྟར། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་འབྲེལ་ཡོད་ཆེད་མཁས་པ་གདན་དྲངས་ནས་དག་ཡིག་འདིར་དག་བཅོས་ལེགས་པར་བགྱིས་ཏེ། <<དག་ཡིག་གསར་བསྒྲིགས་དག་བཅོས་མའི་>>ཁྲོད་རྒྱུན་སྤྱོད་ཐ་སྙད1900ལྷག་གསར་དུ་བསྣན་ཡོད། ༼ འབྱུང་ཁུངས། མཚོ་སྔོན་བོད་སྐད་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་དྲ་བ། ༽
    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་རིང་གིས་ཤིས་ཚིག་འབུལ་བ།
    མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རིན་བསོད་ནམས་ཚེ་རིང་གིས་ཤིས་ཚིག་འབུལ་བ།
    མཛད་སྒོའི་སྟེང་ཕེབས་པའི་མཁས་དབང་དང་མགོ་ཁྲིད་རྣམ་པ།
    མཛད་སྒོའི་སྟེང་ཕེབས་པའི་མཁས་དབང་དང་མགོ་ཁྲིད་རྣམ་པ།
      

    ཕྱོགས་བསྡུས་གསར་འགྱུར།