འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས“སྐལ་བཟང་མེ་ཏོག་མཛེས་ཤོས”ལ་གཟེངས་བསྟོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་16ཉིན། 09:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱིས“སྐལ་བཟང་མེ་ཏོག་མཛེས་ཤོས”ལ་གཟེངས་བསྟོད་བྱས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་14ཉིན་བོད་རང་སྐྱོང་ལྗོངས་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”ལ་གཟེངས་བསྟོད་བྱེད་པའི་མཛད་སྒོ་ལྷ་ས་གྲོང་ཁྱེར་དུ་སྤེལ་ཞིང་། བོད་རང་སྐྱོང་ལྗོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་དང་། དྲིལ་བསྒྲགས་པུའུ། རིག་གནས་ཐིང་སོགས་ཚན་པས་དུས་ཡུན་ལོ་ཕྱེད་ལྷག་ཙམ་གྱི་དུས་ཚོད་ནང་རང་སྐྱོང་ལྗོངས་ཡོངས་ཀྱི་ལས་རིགས་ཁག་གི་ཕུལ་བྱུང་བུད་མེད་ཁྲོད་ནས“སྐལ་བཟང་མེ་ཏོག་མཛེས་ཤོས”100བདམས་ཏེ་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་ཁྲི་150ཡི་ཕུལ་བྱུང་འཐུས་མིར་བརྩིས་ཤིང་། པར་དང་པོ་ནི་བོད་ལྗོངས་ཀྱི“སྐལ་བཟང་མེ་ཏོག་མཛེས་ཤོས”ཁག་གཅིག་གི་དྲན་རྟེན་པར་ཡིན་པ་དང་། པར་གཉིས་པ་ནི་ཇོ་མོ་གླང་མར་ཐེངས་གསུམ་འཛེགས་མྱོང་བའི“སྐལ་བཟང་མེ་ཏོག་མཛེས་ཤོས”བོད་ལྗོངས་རི་འཛེག་རུ་ཁག་གི་ལུས་རྩལ་པ་ཕུལ་བྱུང་སྐྱིད་སྐྱིད་(གཡོན)ཀྱིས་གཟེངས་བསྟོད་ལེན་བཞིན་ཡོད་པ། པར་གསུམ་པ་ནི“སྐལ་བཟང་མེ་ཏོག་མཛེས་ཤོས”བཙུན་མ་ཚུལ་ཁྲིམས་ལྷ་མོས་གཟེངས་བསྟོད་ལེན་བཞིན་ཡོད་པ།
    ༄༅།།བོད་ལྗོངས་ཀྱིས“སྐལ་བཟང་མེ་ཏོག་མཛེས་ཤོས”ལ་གཟེངས་བསྟོད་བྱས་པ།
    ༄༅།།བོད་ལྗོངས་ཀྱིས“སྐལ་བཟང་མེ་ཏོག་མཛེས་ཤོས”ལ་གཟེངས་བསྟོད་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།