འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 09:24】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་སྤེལ་བའི་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་བོད་ཀྱིས་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ནང་དཔལ་འབྱོར་གྱི་ཆོས་ཉིད་དང་། སྤྱི་ཚོགས་ཀྱི་ཆོས་ཉིད། རང་བྱུང་གི་ཆོས་ཉིད་བཅས་ལ་ཐོག་མཐའ་བར་གསུམ་དུ་སྲུང་བརྩི་ཞུ་བ་དང་རང་བྱུང་ཁོར་ཡུག་ལ་གཏོར་སྐྱོན་གཏོང་རྒྱུ་རིན་དོད་དུ་མི་བྱེད་པར་དཔལ་འབྱོར་དང་། སྤྱི་ཚོགས། སྣོད་བཅུད་བཅས་ཞི་མཐུན་གཅིག་གྱུར་ཡོང་རྒྱུར་སྣང་ཆེན་བྱས་ཏེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་ཡོད། མིག་སྔར་བོད་འདི་ཉིད་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན་པ་དང་ས་ཁོངས་མང་ཆེ་བ་གདོད་མའི་རྣམ་པར་གནས་ཡོད་ཅེས་འཁོད་ཡོད་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ནང་བོད་ནི་རྒྱལ་ཁབ་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་གལ་ཆེན་ཞིག་ཡིན་པ་དེ་ཨེ་ཤེ་ཡ་ཙམ་མ་ཟད། ཐ་ན་འཛམ་གླིང་གི་ངོས་ནས་བརྗོད་ནའང་དོན་སྙིང་གལ་ཆེན་ལྡན་ཡོད། ཀྲུང་དབྱང་སྲིད་གཞུང་གིས་མི་རྩ་བར་འཛིན་པའི་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཐའ་འཁྱོངས་ཀྱིས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་གལ་ཆེའི་གནས་བབ་ཐོག་བཞག་སྟེ་འཕེལ་རྒྱས་ཀྱི་གདམ་ག་གལ་ཆེན་ཞིག་ལ་བརྩིས་ཡོད་ཅེས་འཁོད་ཡོད་པ་རེད།
         མིག་སྔར་བོད་ཀྱི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་41.37ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ནགས་ཚལ་ཁེབས་ཚད་11.91%ཟིན་ནས་ནགས་ཤིང་གི་སྤྱིའི་གསོག་ཚད་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ། འདམ་ར་སྣ་ཚོགས་ཀྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི་600ལྷག་ཙམ་ཟིན་ནས་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་བཅས་རེད། རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་བདག་ཏུ་མ་བཟུང་བའི་སྲོག་ཆགས་རིགས་125དང་རྒྱལ་ཁབ་ཀྱི་གཙོ་གནད་སྲུང་སྐྱོང་གི་རི་སྐྱེས་རྩི་ཤིང་སྣ་ཁ་39རང་བྱུང་སྲུང་སྐྱོང་ཁུལ་དུ་སྲུང་སྐྱོང་ཧ་ཅང་ཡག་པོ་ཐུབ་ཡོད། 2012ལོའི་ལོ་མཇུག་བར་བོད་དུ་རང་བྱུང་ན་ཁ་རྒྱ་ཁྱོན་སྤྱི་ཆིང་ཁྲི་8511ཡོད་པའི་ཁྲོད་བེད་སྤྱོད་བྱེད་ཆོག་པའི་རང་བྱུང་ན་ཁ་རྒྱ་ཁྱོན་སྤྱི་ཆིང་ཁྲི་6910ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།