འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའི་བོད་རིགས་ས་ཁུལ་གྱི་སློབ་གསོ་བརྟག་ཞིབ་ཚོགས་ཆུང་ཀན་སུའུ་རུ་
    བརྟག་ཞིབ་ཏུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 09:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའི་མི་རིགས་སློབ་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་མི་རིགས་སློབ་གསོ་སིའི་སི་ཀྲང་གཞོན་པ་ཀུའོ་ཡན་གྱིས་སྣེ་ཁྲིད་པའི་བོད་རིགས་ས་ཁུལ་གྱི་སློབ་གསོའི་བརྟག་ཞིབ་ཚོགས་ཆུང་ཀན་ལྷོ་ཁུལ་དུ་བསྐྱོད་ནས་མི་རིགས་སློབ་གསོའི་ལས་དོན་ལ་བརྟག་ཞིབ་བྱས་པ་རེད།
         བརྟག་ཞིབ་ཚོགས་ཆུང་གིས་སྐད་གཉིས་སློབ་ཁྲིད་ཐད་རིགས་དབྱེའི་ངང་ཤེས་ལྡན་མི་སྣ་གསོ་སྐྱོང་ཇུས་གཞི་བཟོས་ནས“བོད་རིགས་གཙོ་བོར་བྱེད་པའི”ཁུལ་དུ་རྒྱ་ཡིག་སློབ་སྦྱོང་བྱ་རྒྱུ་མངོན་གསལ་དོད་པ་དང་། “རྒྱ་རིགས་གཙོ་བོར་བྱེད་པའི”ཁུལ་དུ་བོད་ཡིག་སློབ་སྦྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་དགོས། སློབ་ཁྲིད་སྒྱུར་བཅོས་ཟབ་ཏུ་བཏང་ནས་སྐད་གཉིས་སློབ་ཁྲིད་ཀྱི་ལས་ཕྱོད་དང་ཕན་འབྲས་ཆེ་རུ་གཏོང་དགོས། སྐད་ཡིག་གཉིས་ཀྱི་སློབ་སྦྱོང་ཁོར་ཡུག་བཏོད་དེ་མི་རིགས་སློབ་གླིང་དང་སློབ་གྲྭའི་སྣ་མང་རིག་གནས་ཀྱི་སློབ་གཉེར་ཁྱད་ཆོས་མངོན་གསོལ་དོད་པོ་ཡོང་བ་བྱས་ནས་སྐད་གཉིས་མཉམ་སྤྱོད་རྒྱུན་འཁྱོངས་དང་བེད་སྤྱོད་ཚད་ལྡན་དུ་གཏོང་དགོས། ཆེད་ལས་བཀོད་སྒྲིག་བྱེད་པའི་ཐད་ས་གནས་སྲིད་གཞུང་དང་འཆར་འགོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་གཏུག་ཧུར་ཐག་གིས་ཆེད་ལས་ལུགས་མཐུན་བཀོད་སྒྲིག་དང་། ས་ཁོངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་ཞུ། རྩལ་ནུས་རྣམ་པ་དང་བཀོལ་སྤྱོད་རྣམ་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་། སློབ་གྲྭ་དང་ས་གནས་མཉམ་ལས་དང་ཐུན་མོང་གོང་འཕེལ་ལ་སྐུལ་སྤེལ་བཅས་ཀྱི་ཐོག་ནས་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་དགོས་པའི་ནན་བཤད་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།