འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།<<བོ་དོང་པཎ་ཆེན་གྱི་གསུང་འབུམ་>>དཔེ་སྐྲུན་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་19ཉིན། 09:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།<<བོ་དོང་པཎ་ཆེན་གྱི་གསུང་འབུམ་>>དཔེ་སྐྲུན་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་དཔེ་སྐྲུན་གྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རྣམ་གྲངས་ཡིན་པའི་《བོད་ཀྱི་དཔེ་རྙིང་གསུང་རབ་མུ་འབྲེལ་དཔེ་ཚོགས་》གྲས་ཡིན་པའི་《བོ་དོང་པཎ་ཆེན་གྱི་གསུང་འབུམ་》དེ་ཚེས་17ཉིན་པེ་ཅིང་དུ་དཔེ་སྐྲུན་ཞིབ་བསྡུར་གྱི་ཚོགས་འདུ་འཚོགས་པར་བོད་རིག་པའི་ལས་རིགས་དང་མི་རིགས་ཆོས་ལུགས་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་པ་ཚོས་གསུང་་འབུམ་པར་སྐྲུན་བྱས་པའི་དོན་སྙིང་སྙིང་བསྡུས་དང་ཕྱོགས་སྡོམ་བྱས་པ་རེད།
         བོ་དོང་པཎ་ཆེན་(1376ལོ་ནས་1451ལོ་བར)གྱི་མཚན་ཆ་ཚང་ལ་བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ཞུ་ཞིང་། ཁོང་འཁྲུངས་ཡུལ་ད་ཆའི་བོད་ཀྱི་གཞིས་རྩེ་ས་ཁུལ་དུ་ཡིན། སྐུ་ན་ཆུང་དུས་ནས་རབ་ཏུ་བྱུང་སྟེ་ཆོས་ལ་སློབ་གཉེར་གྱིས་སྐུ་ཚེ་ཧྲིལ་པོར་ཆོས་ཉམས་ལེན་དང་དར་སྤེལ་གཏོང་བ་དང་། རང་ལུགས་ཀྱི་སྲོལ་ཕྱེ་ནས་གཞུང་ཆེན་ལ་བརྡར་ཤ་བཅད་པ་དང་གཞུང་བརྩམས་ནས་འཆད་ཁྲིད་གནང་བས་བོད་ཀྱི་ལོ་རྒྱུས་ཐོག་སྙན་གྲགས་ལྡན་པའི་ནང་རིག་པའི་མཁས་པ་ཆེན་པོ་དང་། ཐ་སྙད་རིག་པར་མངའ་བརྙེས་པ་དང་། ལོ་ཙཱ་བ་ཆེན་པོར་གྱུར། ཁོང་གི་གསུང་རྩོམ་པོད་140ལྷག་ཙམ་ད་ལྟ་མཇལ་རྒྱུ་ཡོད་པ་ནི་འཛམ་གླིང་རིག་གནས་ལོ་རྒྱུས་ཐོག་ཁ་གྲངས་མང་ཤོས་ཡིན།
         《བོ་དོང་པཎ་ཆེན་གྱི་གསུང་འབུམ་》དེ་2014ལོའི་ཟླ་11པར་དཔེ་སྐྲུན་བྱས་ཤིང་། དེ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་རྒྱལ་ཡོངས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་ལེགས་སྒྲིག་ཞིབ་འཇུག་ཁང་དང་སི་ཁྲོན་ཞིང་ཆེན་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་གོ་སྒྲིག་ལག་ལེན་བྱས་པའི་ཁར་སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་དཔེ་རྙིང་ལེགས་སྒྲིག་གཞུང་དོན་ཁང་དང་ཁྲེང་ཏུའུ་ཧའེ་ཧྲེང་རིག་གནས་བརྒྱུད་སྤེལ་ཚད་ཡོད་ཀུང་སིས་འཚོལ་སྒྲིག་རྩོམ་འབྲིའི་འགན་འཁུར་ཡོད་ཅིང་། དེའི་གློག་རྡུལ་དེབ་ཀྱང་ཧི་མ་ལ་ཡའི་རིག་མཛོད་དྲ་ཚུགས་ནས་མཐོང་ཐུབ། གསུང་འབུམ་ཆ་ཚང་ལ་ཡིག་འབྲུ་ཁྲི་4000ལྷག་ཙམ་ཡོད་པ་དེ་དག་ནི་ནང་རིག་པས་གཙོས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཆེ་ཆུང་བཅུ་པོ་འདུས་པ་ཞིག་ཡིན་པས་བོད་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་ཀུན་འདུས་ཤིག་ཡིན།
         རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དོན་གྲུབ་དབང་འབུམ་གྱིས་གསུང་འབུམ་དཔེ་སྐྲུན་ཞིབ་བསྡུར་ཚོགས་འདུ་འཚོགས་ཐུབ་པ་ནི་རང་རྒྱལ་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་འདོན་པའི་ལས་དོན་ལ་དོན་སྙིང་དམིགས་བསལ་ལྡན་པའི་གྲུབ་འབྲས་ཐོབ་པ་ཞིག་ཡིན་པ་དེས་སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་པ་དང་དམངས་ཁྲོད་ཀྱི་མ་རྩ་བསྡུ་རུབ་བྱས་ནས་གྲངས་ཉུང་མི་རིགས་ཀྱི་དཔེ་རྙིང་འདོན་པའི་ལས་དོན་ལ་འབྲས་བུ་གཡུར་དུ་ཟ་བ་བཏགས་པ་མཚོན་ཡོད་ཅེས་བཤད་དོ།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།<<བོ་དོང་པཎ་ཆེན་གྱི་གསུང་འབུམ་>>དཔེ་སྐྲུན་ཞིབ་བསྡུར་ཚོགས་འདུ་པེ་ཅིང་དུ་འཚོགས་པ།
      

    ཕྱོགས་བསྡུས་གསར་འགྱུར།