འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིའི་ཉང་ཆུའི་སྣོད་བཅུད་སྲུང་སྐྱོང་ཐད་ཕན་འབྲས་ཐོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་19ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཉིང་ཁྲིའི་ཉང་ཆུའི་སྣོད་བཅུད་སྲུང་སྐྱོང་ཐད་ཕན་འབྲས་ཐོན་པ།
         མི་དམངས་དྲ་བའི་འཕྲིན། ཉང་ཆུ་དེ་བོད་ལྗོངས་ཉིང་ཁྲི་ས་ཁུལ་དུ་གནས་པ་དང་ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་རིམ་པ་དང་པོའི་ཆུ་ལག་ཅིག་རེད། གཙང་པོ་དེ་རྒྱུག་ཁུལ་དུ་ནགས་ཚལ་སྔོ་ཁེབས་ཕུན་སུམ་ཚོགས་པ་དང་གཙང་ཆུ་སྔོ་ཞིང་དྭངས་པ་དེ་ནི་ཉིང་ཁྲི་ས་ཁུལ་དུ་སྣོད་བཅུད་སྲུང་སྐྱོང་རྣམ་པ་མངོན་པའི“མེ་ལོང”ལྟ་བུ་ཞིག་རེད། ད་ཕན་ལོ་ཤས་རིང་ཉིང་ཁྲི་ས་ཁུལ་གྱིས“རྒྱལ་ཁབ་རིམ་པའི་སྣོད་བཅུད་ས་ཁུལ”གཏོད་པ་སོགས་ཀྱི་གོ་སྐབས་དང་ཟུང་འབྲེལ་བྱས་ནས་ནུས་རྒྱུ་གཙང་མ་གསར་སྤེལ་དང་། ནགས་སྲུང་ནགས་གསོ། འགྲོ་ལམ་མཁྲེགས་འགྱུར་སྔོ་འགྱུར། ཆུའི་ཐོན་ཁུངས་སྲུང་སྐྱོང་སོགས་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་སྣོད་བཅུད་ཁོར་ཡུག་བཏོད་ཡོད། 2012ལོ་ནས་2014ལོའི་ལོ་མཇུག་བར་ས་ཁུལ་དེའི་གྲོང་ཚོ་316ལ“བོད་རང་སྐྱོང་ལྗོངས་རིམ་པའི་སྣོད་བཅུད་གྲོང་ཚོའི”མཚན་སྙན་ཐོབ་པ་དང་2015ལོར་རྒྱལ་ཁབ་རིམ་པའི་སྣོད་བཅུད་རྫོང་གཉིས་སླར་ཡང་མང་དུ་ཕྱིན་ཡོད་པ་རེད།
    ༄༅།།བོད་ལྗོངས་ཉིང་ཁྲིའི་ཉང་ཆུའི་སྣོད་བཅུད་སྲུང་སྐྱོང་ཐད་ཕན་འབྲས་ཐོན་པ།
      

    ཕྱོགས་བསྡུས་གསར་འགྱུར།