འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཞི་བདེ་མཚོན་པའི་ཨོ་རྩལ་འགྲན་ཚོགས་
    ལ་གཏོར་བཤིག་བཏང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་20ཉིན། 09:52】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འགྲེམས་སྤེལ་བྱས་པའི་<<བོད་འཕེལ་རྒྱས་འགྲོ་ལམ་གྱི་ལོ་རྒྱུས་གདམ་ག་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱིས་ཞི་བདེ་མཚོན་པའི་ཨོ་རྩལ་འགྲན་ཚོགས་ལ་གཏོར་བཤིག་བཏང་བ་དེ་ཐོག་ནས་ཁོ་པའི“འཚེ་མེད་ཞི་བའི”ངོ་རིས་རྫུན་མ་དེ་དམར་རྗེན་དུ་མངོན་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་2007ལོའི་ཟླ་ལྔ་པར“བོད་རང་བཙན”ཕྱོགས་གཏོགས་དང་ཀྲུང་གོར་ངོ་རྒོལ་བྱེད་མཁན་རྒྱལ་སྤྱིའི་ཕྱོགས་གཏོགས་ཀྱིས་པེར་ཀྲེམ་གྱི་རྒྱལ་ས་པུ་རུ་སེར“རྒྱལ་སྤྱིས་ངག་ཐོག་ནས་བོད་ཀྱི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་པའི་ཚོགས་ཆེན་སྐབས་ལྔ་པ”ཞེས་པ་འཚོགས་པ་དང་། “བོད་ཡུལ་གྱར་སྲིད་གཞུང”གི་མགོ་པ་ཟམ་གདོང་ཚོགས་འདུ་དེའི་ནང་ཞུགས་ཡོད་པ་རེད། ཐེངས་འདིའི་ཚོགས་འདུའི་ཐོག་<<འཐབ་ཇུས་ཀྱི་འཆར་གཞི་>>ཞེས་པར་གྲོས་འཆམ་བྱས་ཏེ་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་བཀག་འགོག་བྱ་རྒྱུའི་གཏན་འབེབས་བྱས། དེ་རྗེས་ཨ་རིར་ཡོད་པའི“བོད་རང་བཙན”རྩ་འཛུགས་ཀྱིས
         “བོད་མི་དམངས་ཀྱི་འོས་ལངས་ཆེན་པོ”ཞེས་པ་བཏོན་ཡོད། ཁོ་པ་ཚོས་2008ལོ་དེ“བོད་རང་བཙན”ཡོང་བའི་གོ་སྐབས་མཐའ་མ་དེ་ཡིན་པའི་ངོས་འཛིན་བྱས་པ་མ་ཟད། ཨོ་རྩལ་འགྲན་ཚོགས་མ་འཚོག་གོང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོར་དོ་སྣང་བྱེད་པའི“ཕན་ཡོད་ཀྱི་གོ་སྐབས”དེ་སྤྱོད་རྒྱུ་དང“བོད་ཀྱི་མངའ་ཁོངས་ནང་གི་བྱེད་སྤྱོད་སྐུལ་སློང་དང་མཐུན་སྦྱོར་བྱས་ཏེ་ཀྲུང་གོར་ཉེན་ཁ་བཟོ་རྒྱུའི”ལྐོག་གཡོ་བཅངས་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་2007ལོའི་ལོ་མཇུག་ཏུ“བོད་ཀྱི་གཞོན་ནུ་ཚོགས་པ”དང“བོད་བུད་མེད་མཐུན་ཚོགས”སོགས“བོད་རང་བཙན”རྩ་འཛུགས་ཀྱིས་རྒྱ་གར་དུ་ཚོགས་འདུ་འཚོགས་ནས“བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི་ལས་འགུལ”སྤེལ་རྒྱུའི་འུད་སྒྲོག་བྱས་ཡོད། 2008ལོའི་ཟླ་1ཚེས་4ཉིན་དང་ཚེས་25ཉིན“བོད་རང་བཙན”རྩ་འཛུགས་བདུན་གྱིས་རྒྱ་གར་གྱི་རྡི་ལི་གསར་པར་གསར་འགྱུར་ཡོང་བསྒྲགས་ཀྱི་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ<< “བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི”གྲོས་འགོའི་ཡི་གེ>>ཁྱབ་བསྒྲགས་བྱས་པ་དང་འབྲེལ་དྲ་ཚིགས་100ལྷག་ཙམ་ཐོག་བརྒྱུད་བསྒྲགས་བྱས་ནས“2008ལོའི་ཟླ་3ཚེས་1ཉིན་ནས་བཟུང་བར་མཚམས་མི་ཆད་པར‘བོད་མི་དམངས་ཀྱི་འོས་ལངས་ཆེན་པོའི་ལས་འགུལ’”གཞི་ཁྱོན་ཆེན་པོས་སྤེལ་རྒྱུ་ཡིན་པ་བརྗོད་ཡོད། ཟླ་3ཚེས་10ཉིན་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པས་གཏམ་འཆལ་སྤེལ་ནས་ཀྲུང་གོའི་མངའ་ཁོངས་ནང་གི་ཁྲིམས་འགལ་བས་གཏུམ་སྤྱོད་ཀྱི་བྱེད་སྤྱོད་སྤེལ་དགོས་པའི་ངན་སྐུལ་བྱས་ཡོད།“བོད་ཀྱི་གཞོན་ནུ་ཚོགས་པས”ཉིན་དེ་རང་དུ་གསལ་བསྒྲགས་སྤེལ་ནས“ད་ལྟ་དེ་སྔའི་རང་བཙན་འཐབ་རྩོད་ནང་འཕྲད་མྱོང་མེད་པའི་འདི་ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་གོ་སྐབས་གལ་ཆེན་དེ་དམ་འཛིན”བྱས་ཏེ“བོད་རང་བཙན་ཆེད་རང་སྲོག་བློས་གཏོང་རྒྱུར་མི་འཛེམས་པ་བྱེད་དགོས”ཞེས་བཤད་ཡོད་ཅེས་བསྟན་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ནང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པའི་རུ་ཚོགས་ཀྱི་ངན་ཇུས་དང་ངན་གཤོམ་འོག་2008ལོར་པེ་ཅིང་དུ་ཨོ་རྩལ་འགྲན་ཚོགས་གྲབས་གཉེར་བྱེད་རིང“བོད་རང་བཙན”ཕྱོགས་གཏོགས་ཀྱིས་རྒྱལ་སྤྱིའི་ཐོག་འགོག་རྐྱེན་བཟོ་བའི་གཏོར་བཤིག་བྱེད་སྤྱོད་མང་པོ་སྤེལ་ཡོད།“བོད་རང་བཙན”པས་ཨོ་རྩལ་འགྲན་ཚོགས་ཀྱི་གལ་ཆེའི་མཛད་སྒོར་གཏོར་བཤིག་ཐེངས་མང་བཏང་བའི་ནང་ཀེ་རི་སི་ནས་མེ་མཆོག་ལེན་པའི་མཛད་སྒོའི་ནང་ཤོར་བ་དང་། རྒྱལ་ཁབ་མང་པོ་ཞིག་ཏུ་ཨོ་རྩལ་འགྲན་ཚོགས་ཀྱི་དཔལ་འབར་བརྒྱུད་སྤྲོད་བྱེད་སྐབས་དཔལ་འབར་འཕྲོག་པ་སོགས་ཀྱི་སྡུག་རྩུབ་བྱེད་སྤྱོད་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁོང་ཁྲོ་ཆེན་པོ་བྱས་ཡོད་ཅེས་བསྟན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།