འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་14ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་གཞིས་ཀ

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་14ཉིན། 08:40】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
    ༄༅།།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་གཞིས་ཀ
          བོད་ལྗོངས་ཉིང་ཁྲི་ས་ཁུལ་སྣང་རྫོང་འཁྲུངས་ཁང་གྲོང་ཚོ་ནི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་ཡིན་ལ། སྔོན་ཆད་གྲོང་ཚོ་འདིའི་མིང་ལ་གླང་མདུན་གྲོང་ཚོ་ཟེར་ཞིང་། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དེར་སྐུ་འཁྲུངས་རྗེས་འཁྲུངས་ཁང་གྲོང་ཚོ་རུ་བསྒྱུར་བ་དང་། 1880ལོ་ནས་1883ལོའི་བར་གནས་འདིར་འཁྲུངས་ཁང་གཞིས་ཀ་བཞེངས་སྐྲུན་མཛད། 2012ལོའི་ཟླ་9པར་སྣང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་715གྲབས་གསོག་བྱས་ནས་སྔོན་མ་ཇི་མ་ཇི་བཞིན་ཉམས་གསོ་བྱེད་རྒྱུའི་རྩ་དོན་གཞིར་བཟུང་ནས་འཁྲུངས་ཁང་གཞིས་ཀར་ཕྱོགས་ཡོངས་ནས་ཉམས་གསོ་གནང་བ་དང་། 2013ལོའི་ཟླ་9པར་ཡོངས་སུ་ལེགས་འགྲུབ་བྱས་ནས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་རྣམས་ལ་སྒོ་འབྱེད་གནང་བ་རེད།
    ༄༅།།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་གཞིས་ཀ
    ༄༅།།རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོ་མཆོག་གི་འཁྲུངས་ཡུལ་གཞིས་ཀ
      

    ཕྱོགས་བསྡུས་གསར་འགྱུར།