འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ཞིང་འབྲོག་ཁུལ་གྱི་རྒྱུགས་སྤྲོད་སློབ་མའི་མཐོ་རྒྱུགས་སློབ་བསྡུའི་སྐར་གྲངས་
    བསྣན་ནས་ཡིག་ཚགས་འདོན་སྤྲོད་དང་སྔོན་བསྡུའི་ཆ་རྐྱེན་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་19ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་17ཉིན་གྱི་སྔ་དྲོར་གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱུགས་ལེན་ལྟེ་གནས་ནས་ཤེས་རྟོགས་བྱས་པར་གཞིགས་ན།མཚོ་སྔོན་གྱིས་མཐོ་རྒྱུགས་སློབ་བསྡུའི་སྐར་གྲངས་བསྣན་ནས་ཡིག་ཚགས་འདོན་སྤྲོད་དང་སྔོན་བསྡུའི་ཆ་རྐྱེན་གཏན་འཁེལ་བྱས་ཡོད། འབྲོག་ཁུལ་དུ་ལོ་15ཡན་བསྟུད་མར་ལས་ཀ་བྱས་པ་དང་ད་ལྟ་སྔར་བཞིན་འབྲོག་ཁུལ་དུ་ལས་ཀ་བྱེད་བཞིན་པའི་རྒྱ་རིགས་ལས་བྱེད་ལས་བཟོའི་བུ་ཕྲུག་དང་མི་རབས་ནས་མི་རབས་བར་འབྲོག་ཁུལ་དུ་འཚོ་གནས་བྱེད་པའི་རྒྱ་རིགས་མང་ཚོགས་ཀྱི་བུ་ཕྲུག་དང་། ཐེམ་ཐོ་ས་གནས་དེ་རང་དུ་ཡོད་པ། སློབ་ཆུང་ནས་མཐོ་རིམ་སློབ་འབྲིང་བར་ཚང་མ་ས་ཆ་དེ་གའི་གྲངས་ཉུང་མི་རིགས་ཀྱི་སློབ་མ་དང་འདྲ་མཉམ་སློབ་གསོའི་ཆ་རྐྱེན་དང་ལེན་བྱེད་མཁན་ལ་སྐར་མ་10བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱ་རྒྱུའི་གཏན་འཁེལ་བྱས་ཡོད།
         དེའི་ཁྲོད་ནས་ཡུལ་ཤུལ་ཀྲོའུ་དང་མགོ་ལོག་ཀྲོའུ་རུ་དམའ་རིམ་སློབ་འབྲིང་ལོ་རིམ་དང་པོ་ནས་མཐོ་རིམ་སློབ་འབྲིང་བར་ས་ཆ་དེ་རང་དུ་སློབ་སྦྱོང་བྱེད་པ་དང་ཕ་མ་ས་ཆ་དེ་རང་དུ་ལོ་10ཡན་ལས་ཀ་བྱས་པ་དང་ད་ལྟའང་ས་ཆ་དེ་རང་དུ་ལས་ཀ་བྱེད་བཞིན་པའི་རྒྱ་རིགས་ལས་བྱེད་ལས་བཟོའི་བུ་ཕྲུག་ལ་སྐར་མ་20བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱ་རྒྱུ། རྒྱ་རིགས་ལས་བྱེད་ལས་བཟོས་ལས་ཀ་བྱ་ཡུལ་ཀྲོའུ(རྫོང)རྩ་འཛུགས་དང་། ངལ་རྩོལ་དང་མི་དོན་སྡེ་ཚན་གྱི་ངོ་སྤྲོད་འབྲི་བ【མཚོ་སྔོན་དུ་བཅའ་སྡོད་ཀྲུང་དབྱང་ཚན་པ་དང་། ཞིང་ཆེན་ཐད་གཏོགས་དོ་དམ་ཐིང་ཅུས། ཞིང་ཆེན་ཐད་གཏོགས་གཞུང་ཁོངས་ཁེ་ལས་སོགས་དང་ཞིང་ཆེན་རིམ་པའི་གཙོ་གནད་མི་དོན་སྡེ་ཚན་གྱི་ངོ་སྤྲོད་འབྲི་དགོས】དང་། མི་རབས་ནས་མི་རབས་བར་འབྲོག་ཁུལ་དུ་འཚོ་གནས་བྱེད་པའི་རྒྱ་རིགས་མང་ཚོགས་ཀྱི་བུ་ཕྲུག་གི་ཐེམ་ཐོ་གནས་ཡུལ་གྱི་ཤང(གྲོང་རྡལ)སྲིད་གཞུང་གི་ངོ་སྤྲོད་འབྲི་བ། རྒྱུགས་སྤྲོད་སློབ་མ་ས་ཆ་དེ་རང་དུ་སློབ་སྦྱོང་བྱེད་པའི་སློབ་རྒྱུས་དེ་སློབ་སྦྱོང་བྱ་ཡུལ་སློབ་གྲྭ་དང་རྫོང་སློབ་གསོ་ཅུས་ཀྱི་ངོ་སྤྲོད་འབྲི་དགོས་པ་བཅས་རེད།
         ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་ཁེར་སྐྱེས་བུ་ཕྲུག་ཞིང་ཆེན་ནང་ཁུལ་གྱི་མཐོ་སློབ་ཏུ་ཐོ་འགོད་བྱེད་མཁན་ལ་སྐར་མ་10བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱ་རྒྱུ། མཚོ་སྔོན་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མས་རྒྱལ་ཁབ་ཀྱི་པུའུ་ཨུད་ཁོངས་གཏོགས་ཀྱི་མཐོ་སློབ་ལ་ཡིག་ཚགས་འདོན་སྤྲོད་བྱེད་སྐབས་སྐར་མ་20བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱ་རྒྱུ་དང་། ས་གནས་ཞིང་ཆེན་ཁོངས་གཏོགས་ཀྱི་མཐོ་སློབ་ལ་ཡིག་ཚགས་འདོན་སྤྲོད་བྱེད་སྐབས་རང་སྐྱོང་ཀྲོའུ་དྲུག་གི་གྲངས་ཉུང་མི་རིགས་རྒྱུགས་སྤྲོད་སློབ་མར་སྐར་མ་35བསྣན་ནས་ཡིག་ཚགས་འདོན་སྤྲོད་དང་། ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་གྲངས་ཉུང་མི་རིགས་ཀྱི་རྒྱུགས་སྤྲོད་སློབ་མར་སྐར་མ་20བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱ་རྒྱུ། ཁ་གཏད་རོགས་སྐྱོར་གྱི་མཐོ་རིམ་ལས་རིགས་གྲངས་ཉུང་མི་རིགས་རྒྱུགས་སྤྲོད་སློབ་མའི་ལྟ་རྟོག་སྐར་གྲངས་དེ་ཡིག་རྒྱུགས་སློབ་ཚན་ཁག་གསུམ་གྱི་སྤྱིར་བཏང་རིགས་ལྟར་སྐར་གྲངས་ཁ་སྣོན་རྒྱག་རྒྱུ། 
         ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ་བཅས་ཀྲོའུ་ཡི་རྒྱུགས་སྤྲོད་སློབ་མ་སློབ་ཆུང་དང་། དམའ་རིམ་སློབ་འབྲིང་། མཐོ་རིམ་སློབ་འབྲིང་བཅས་སྔ་ཕྱི་བར་གསུམ་དུ་འབྲོག་ཁུལ་དུ་སློབ་སྦྱོང་བྱེད་པ་དང་ས་གནས་དེ་གའི་རྒྱ་རིགས་སློབ་མ་དང་རིགས་མཚུངས་སློབ་གསོ་དང་ལེན་དང་རིགས་མཚུངས་ཡིག་རྒྱུགས་ནང་ཞུགས་པའི་མཐོ་རྒྱུགས་སློབ་མ་ཞིང་ཆེན་ནང་ཁུལ་གྱི་སློབ་གྲྭར་ཐོ་འགོད་བྱེད་མཁན་དེ་སྔའི་ལྟ་རྟོག་སྐར་གྲངས་སྣོན་པའི་ཆ་རྐྱེན་ལོངས་སུ་སྤྱོད་པའི་རྨང་གཞིའི་ཐོག་སྐར་གྲངས་10བསྣན་ནས་ཡིག་ཚགས་འདོན་སྤྲོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།