འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།གླིང་ཆེན་ལྔའི་རྒྱལ་ཁབ57ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་
    འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་17ཉིན། 16:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་15ཉིན་ནི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཀྱི་གྲངས་ཚད་གཏན་འཁེལ་ཉིན་མོ་མཐའ་མ་དེ་རེད། ཀྲུང་གོའི་ནོར་སྲིད་པུའི་ཆ་འཕྲིན་ལ་གཞིགས་ན། གླིང་ཆེན་ལྔ་ཡི་རྒྱལ་ཁབ་ཁྱོན་57ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཏུ་གྱུར་པ་དང་། དེའི་ནང་ས་ཁོངས་ནང་གི་རྒྱལ་ཁབ་37དང་ས་ཁོངས་ཕྱིའི་རྒྱལ་ཁབ་20ཡོད་པ་རེད།
         ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་དབུ་བཞུགས་གྲོས་མོལ་འཐུས་མིའི་ཚོགས་འདུའི་ཀྲུའུ་ཞི་ནོར་སྲིད་པུའི་པུའུ་ཀྲང་གཞོན་པ་ཧྲི་ཡའོ་པིང་གིས་གོང་ཚེས་ཉིན་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས། ཟླ་3ཚེས་31ཉིན་ནི་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་གསར་པའི་རེ་ཞུ་དང་ལེན་གྱི་དུས་བཅད་ཉིན་མོ་ཡིན་པ་རེད། ཟླ་4ཚེས་15ཉིན་བར་ཟླ་3ཚེས་31ཉིན་གོང(ཉིན་དེ་རང་ཚུད)དེའི་ནང་ཞུགས་རྒྱུའི་རེ་ཞུ་འབུལ་མཁན་རྒྱལ་ཁབ་ཚང་མར་ཕྱོགས་མང་པོའི་བསམ་འཆར་བསྡུ་ལེན་བྱས་པ་བརྒྱུད་ཁྱོན་རྒྱལ་ཁབ་57ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་གི་འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་ཏུ་དངོས་སུ་གྱུར་ཡོད་ཅེས་གསུངས་པ་རེད།
         ཧྲི་ཡའོ་པིང་གིས་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་ནི་སྒོ་དབྱེ་དང་ཁོང་ཡངས་ཀྱི་ཕྱོགས་མང་གསར་སྤེལ་དངུལ་ཁང་ཞིག་ཡིན། འདོད་མོས་གསར་གཏོད་ཁོངས་མིའི་རྒྱལ་ཁབ་བསྡུ་མཚམས་བཞག་ཀྱང་སླད་ཕྱིན་མུ་མཐུད་ཁོངས་མིའི་རྒྱལ་ཁབ་གསར་པ་དེའི་ནང་བསྡུ་སྲིད། ཕྱོགས་ཁག་གིས་སླད་ཕྱིན་གྱི་སྒྲིག་ཡིག་ཐད་གྲོས་མོལ་བྱེད་རིང་ཁོངས་མིའི་རྒྱལ་ཁབ་གསར་པ་བསྡུ་བའི་ལས་རིམ་དང་སྒྲིག་སྲོལ་སོགས་ལ་བཀོད་སྒྲིག་བྱ་རྒྱུ་རེད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།