མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་06ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་གིས་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ལི་སི་ཏི་ནཱ་ལ་མཇལ་འཕྲད་གནང་བ་རེད། ལི་ཁེ་ཆང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེན་པོ་དང་གསར་དར་ཚོང་རའི་རྒྱལ་ཁབ་ཡིན་ཞིང་། ཕན་ཚུན་བར་རང་བྱུང་མཉམ་ལས་རོགས་ཟླ་ཡིན། ཁ་སང་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་སྐུ་ཉིད་དང་འབྲས་བུས་ཕྱུག་པའི་གྲོས་མོལ་གནང་སྟེ་ངོས་འཛིན་གཅིག་མཐུན་གལ་ཆེན་མང་པོ་བྱུང་བ་རེད། ཀྲུང་གོའི་ཕྱོགས་ཀྱིས་ཨ་ཀེན་ཐིན་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་། བརྩི་འཇོག རྒྱབ་སྐྱོར་བཅས་དང་། དཔལ་འབྱོར་ཐོག་ཕན་ཚུན་གསབ་རེས་དང་། ཕན་ཚུན་ཕན་པ། གཉིས་ཀ་རྒྱལ་བ་བཅས་བྱེད་པ་དང་། རྒྱལ་སྤྱིའི་ལས་དོན་ཁྲོད་་རོགས་རམ་དམ་པོ་བྱས་ཏེ་རྒྱལ་ཁབ་གཉིས་བར་གྱི་མཛའ་མཐུན་འབྲེལ་བ་སྔར་ལས་ཆུ་ཚད་མཐོན་པོར་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད།