མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་དམག་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གྲོས་ཚོགས་དང་དྲག་དཔོན་གྱི་
ལས་དོན་གྲོས་ཚོགས་ཀྱི་འཐུས་མི་ཚོར་མཇལ་འཕྲད་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 11:06】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་དམག་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གྲོས་ཚོགས་དང་དྲག་དཔོན་གྱི་
ལས་དོན་གྲོས་ཚོགས་ཀྱི་འཐུས་མི་ཚོར་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་29ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་དམག་ཡོངས་ཀྱི་ཕྱི་འབྲེལ་ལས་དོན་གྲོས་ཚོགས་དང་དྲག་དཔོན་གྱི་ལས་དོན་གྲོས་ཚོགས་ཐེངས་བཅུ་དྲུག་པའི་འཐུས་མི་ཚོར་མཇལ་འཕྲད་གནང་སྐབས་ཏང་གི་ཕྱི་འབྲེལ་ལས་དོན་སྐོར་གྱི་སྲིད་དོན་གལ་ཆེན་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་ནས་དམག་དོན་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་སྔར་ལས་ལྷག་པར་བཏོད་ཐོག་ཀྲུང་གོའི་ཕུགས་འདུན་དང་དམག་དཔུང་སྟོབས་ཆེན་དུ་སྒྱུར་བའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་ཟམ་མ་ཆད་པར་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
     ཞིས་ཅིན་ཕིང་གིས་ང་ཚོའི་ཏང་གིས་ཐོག་མཐའ་བར་གསུམ་དུ་དམག་དོན་ཕྱི་འབྲེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ཅིང་། ལོ་རྒྱུས་ཀྱི་དུས་སྐབས་མི་འདྲ་བར་དམག་དོ་ན་ཕྱི་འབྲེལ་ལས་དོན་གྱིས་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཕྱི་འབྲེལ་ལས་དོན་ལ་སྐུལ་སྤེལ་དང་། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་། རང་དམག་ལེགས་སྐྱོང་ལ་སྐུལ་འདེད་བཅས་བྱེད་པར་ནུས་པ་གལ་ཆེན་འདོན་སྤེལ་བྱས་ནས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་ལས་དོན་ལ་འོད་སྟོང་འབར་བའི་ལེ་ཚན་བརྩམས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་དམག་དོན་ཕྱི་འབྲེལ་ལས་དོན་དེས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལས་དོན་གྱི་དགོས་འདུན་ལ་རྩེ་གཅིག་ཏུ་དམིགས་ནས་གསར་གཏོད་བསྐྱེད་སྤེལ་ཧུར་ཐག་དང་བློ་རྩ་བརྟན་པོས་གསར་གཏོད་བྱས་ཏེ་འཕེལ་རྒྱས་གསར་པ་དང་འགག་སྒྲོལ་གསར་པ་མང་པོ་བྱས་ཡོད་ཅེས་གསུངས་པ་རེད།