མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ལི་སི་ཏི་ནཱ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་05ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ལི་སི་ཏི་ནཱ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨ་ཀེན་ཐིན་རྒྱལ་ཁབ་ཀྱི་ཙུང་ཐུང་ཁེ་ལི་སི་ཏི་ནཱ་དང་གྲོས་མོལ་གནང་བ་རེད། ཞིས་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀ་གསར་དར་ཚོང་རའི་རྒྱལ་ཁབ་གལ་ཆེན་ཡིན་པས། ཕྱོགས་གཉིས་ཀྱི་བར་སྤེལ་རེས་མཉམ་ལས་དམ་པོ་དང་། འཕེལ་རྒྱས་ཀྱི་གོ་སྐབས་ལོངས་སུ་མཉམ་སྤྱོད། ཐུན་མོང་དུ་འགྲན་སློང་ལ་ཁ་གཏད་འཇལ་བ་བཅས་བྱ་དགོས། ད་ལྟ་སྒྲུབ་བཞིན་པའི་ལྕགས་ལམ་དང་ཆུ་གློག་ས་ཚིགས་ལ་སོགས་པའི་གཙོ་གནད་ལས་གྲྭ་འཛུགས་སྐྲུན་ལེགས་པོ་བྱ་དགོས་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། ཞིང་ལས། ནུས་ཁུངས། གཏེར་རྫས། སྒྲིག་ཆས་བཟོ་སྐྲུན་ལ་སོགས་པའི་ཁྱབ་ཁོངས་ནང་གི་མཉམ་ལས་ཧུར་ཐག་སྤེལ་དགོས་པ་མ་ཟད། ཉིང་རྡུལ་གློག་དུས་རིམ་རྗེས་མའི་གཙོ་གནད་མཉམ་ལས་ཁྱབ་ཁོངས་སུ་བཞག་སྟེ་སྐུལ་སྤེལ་ཡང་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།