མི་དམངས་དྲ་བ།

༄༅།།ཀྲང་ཀའོ་ལི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་
གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 11:04】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཀྲང་ཀའོ་ལི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཚང་འཛོམས་
གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ས་29ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲང་ཀའོ་ལི་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟས་རིགས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། གྲོས་ཚོགས་ཐོག་2014ལོའི་ཟས་རིགས་བདེ་འཇགས་སྐོར་གྱི་ལས་དོན་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་པ་དང་། 2015ལོའི་ཟས་རིགས་བདེ་འཇགས་སྐོར་གྱི་ལས་འགན་གཙོ་བོ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། 
       ཀྲང་ཀའོ་ལི་ཡིས་2014ལོར་ཟས་རིགས་བདེ་འཇགས་ཨུ་ལྷན་གྱི་ཁོངས་ཞུགས་ལས་ཁུངས་ཁག་དང་འབྲེལ་ཡོད་སྡེ་ཁག་སྡེ་ཚན་ཀྱིས་ཟས་རིགས་བདེ་འཇགས་ཡོང་བའི་གཙོ་གནད་ལས་དོན་ལ་རྩེ་གཅིག་ཏུ་དམིགས་ནས་མཉམ་འཛིན་སྤྱི་སྒྲུབ་དང་། ཕྱོགས་བསྡུས་ཀྱིས་ཐབས་ཇུས་ལག་བསྟར། རྩ་ལག་མཉམ་བཅོས་བཅས་བྱས་ཏེ་ཟས་རིགས་བདེ་འཇགས་ཀྱི་གནས་བབ་སྤྱི་ཡོངས་ནས་བརྟན་ཞིང་ལེགས་ཕྱོགས་སུ་འཕེལ་བ་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་རེད། ཟས་རིགས་བདེ་འཇགས་ཡོང་བའི་ལས་དོན་ལེགས་པར་སྒྲུབ་པར་སྤྱི་ཡོངས་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་དང་བཀོད་སྒྲིག་ལྟར་བཅོས་སྐྱོང་མ་ལག་སྔར་ལས་འཐུས་ཚང་དུ་གཏོང་བ་དང་། གསར་གཏོད་ལྟ་སྐུལ་དོ་དམ་བྱ་ཐབས་བསྒྱུར་བཅོས་བྱས་ཏེ་མང་ཚོགས་ཀྱི་འཚོ་བ་དང་འབྲེལ་བ་དམ་པོ་ཡོད་པའི་ཟས་རིགས་གཙོ་བོ་དང་ཁྱབ་ཁོངས་གཙོ་བོར་རྩེ་གཅིག་ཏུ་དམིགས་ནས་ལྟ་སྐུལ་དོ་དམ་ནན་ཤོས་དང་། ཆད་གཅོད་ནན་ཤོས། འགན་འཁྲི་རྩད་གཅོད་ནན་ཤོས་བཅས་བྱས་ཏེ་རྒྱུད་རིམ་རང་བཞིན་དང་ས་ཁོངས་རང་བཞིན་གྱི་ཟས་རིགས་བདེ་འཇགས་དོན་རྐྱེན་མི་ཐོན་པའི་མ་མཐའི་འགན་སྲུང་ནན་ཏན་བྱ་དགོས་ཞེས་གསུངས།