མི་དམངས་དྲ་བ།>>མཐོ་རིམ་གནས་ཚུལ།

༄༅།།༼ དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་
དར་གོས་འགྲུལ་ལམ་ ༽འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་དོན་
གྲོས་ཚོགས་པེ་ཅིང་དུ་འཚོགས་པ། 

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་02ཉིན། 11:08】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།༼ དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་
དར་གོས་འགྲུལ་ལམ་ ༽འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་དོན་
གྲོས་ཚོགས་པེ་ཅིང་དུ་འཚོགས་པ།

ཟླ་2ཚེས་1ཉིན་༼ དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་ ༽འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་དོན་གྲོས་ཚོགས་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཀྲང་ཀའོ་ལི་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
      ཀྲང་ཀའོ་ལི་ཡིས་༼དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་༽འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་རྒྱལ་ནང་དང་རྒྱལ་སྤྱིའི་ཁྱོན་ཡོངས་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་ནས་གཏན་འབེབས་བྱས་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན་པས། རང་རྒྱལ་གྱིས་ཕྱོགས་མཐའ་ཀུན་ནས་ཕྱི་ཕྱོགས་ལ་སྒོ་འབྱེད་པའི་གནས་སྟངས་གསར་པ་གཏོད་པ་དང་། ས་ཁུལ་དང་འཛམ་གླིང་ཞི་བདེའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་སྤེལ་གཏོང་རྒྱུར་དོན་སྙིང་གལ་འགངས་ཆེན་པོ་ལྡན་པ་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་༼དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་༽གྱི་འཐབ་ཇུས་དགོངས་པ་བཏོན་པ་མ་ཟད། ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ཀྱི་དར་ཆ་མཐོན་པོར་སྒྲེང་པ་དང་། སྙིང་ཉེ་བ་དང་། ལྷག་བསམ་རྣམ་དག ཕན་ཚུན་གཉིས་ཕན། ཁོང་ཡངས་དཀྱེལ་ཆེ་བཅས་ཀྱི་ཕྱི་ཕྱོགས་འབྲེལ་བའི་འདུ་ཤེས་འཛིན་པ། སྲིད་ཇུས་ཐོག་ནས་མཐུན་སྦྱོར་དང་། སྒྲིག་བཀོད་ཐོག་ནས་ཕན་ཚུན་སྦྲེལ་བ། ཉོ་འཚོང་བྲིན་ཁ་རྒྱུག་པ། མ་དངུལ་རྒྱུན་འཁོར། དམངས་སེམས་ཕན་ཚུན་འབྲེལ་བ་བཅས་བྱ་རྒྱུ་ནང་དོན་གཙོ་བོར་འཛིན་པ་བཅས་ཀྱིས་༼དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་༽འཛུགས་སྐྲུན་ལ་སྐུལ་སྤེལ་ཧུར་བརྩོན་བྱས་ནས་དར་གོས་འགྲུལ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་དང་མཉམ་དུ་ཆབ་སྲིད་ཐོག་ཕན་ཚུན་ཡིད་ཆེས་དང་། དཔལ་འབྱོར་མཉམ་དུ་འདྲེས་པ། རིག་གནས་ཕན་ཚུན་སྤེལ་ཞིང་ཆུད་པ་བཅས་པའི་ཁེ་ཕན་གཅིག་མཐུན་གྱི་མཉམ་སྡེབ་དང་། འགན་འཁྲི་མཉམ་འཁུར་གྱི་མཉམ་སྡེབ། སྐྱིད་སྡུག་མཉམ་མྱོང་གི་མཉམ་སྡེབ་བཅས་འཛུགས་སྐྱོང་བྱས་ཏེ་དར་གོས་འགྲུལ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཁག་གི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཏེ་མིའི་རིགས་དཔལ་ཡོན་དར་ཞིང་ཡར་རྒྱས་ཆེན་པོ་ཡོང་བའི་བྱ་གཞག་ལ་སྐུལ་སྤེལ་གཏོང་དགོས་ཞེས་གསུངས་པ་རེད། 
     ཀྲང་ཀའོ་ལི་ཡིས་༼དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་༽འཛུགས་སྐྲུན་བྱ་རྒྱུ་ནི་མ་ལག་ཚང་བའི་ལས་གྲྭ་ཧ་ཅང་ཆེན་པོ་ཞིག་ཡིན་པས། གཙོ་གནད་འབུར་ཐོན་དུ་འཛིན་པ་དང་ཉེ་རིང་ཟུང་འབྲེལ་བྱས་ཏེ་གོ་རིམ་ལྡན་ཞིང་ཕན་ནུས་ལྡན་པའི་སྐུལ་སྤེལ་ཤུགས་ཆེན་བཏང་ནས་༼དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་དར་གོས་འགྲུལ་ལམ་༽འཛུགས་སྐྲུན་བྱེད་འགོ་ལེགས་པར་འཛུགས་དགོས་པ་དང་། མཉམ་དུ་གྲོས་མོལ་དང་། མཉམ་དུ་འཛུགས་སྐྲུན། ལོངས་སྤྱོད་མཉམ་དུ་བཅས་བྱ་རྒྱུའི་རྩ་དོན་མཐའ་འཁྱོངས་བྱས་ཏེ་དར་གོས་འགྲུལ་ལམ་རྒྱུད་ཀྱི་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་དང་ཕན་ཚུན་འབྲེལ་མཐུད་ཧུར་་བརྩོན་ཆེན་པོ་བྱ་དགོས་ཞེས་ནན་བཤད་གནང་བ་རེད།

༄༅།།༼ དར་གོས་འགྲུལ་ལམ་དཔལ་འབྱོར་ས་རྒྱུད་དང་དུས་རབས་ཉེར་གཅིག་པའི་མཚོ་ཐོག་
དར་གོས་འགྲུལ་ལམ་ ༽འཛུགས་སྐྲུན་ལ་སྐུལ་སྤེལ་གཏོང་རྒྱུའི་ལས་དོན་
གྲོས་ཚོགས་པེ་ཅིང་དུ་འཚོགས་པ།