འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།ཞིས་ཅིན་ཕིང་གིས་ཐའེ་ཝན་བསྐྱར་དར་མཁའ་འགྲུལ་ཀུང་སིའི་འགྲུལ་སྐྱེལ་གནམ་གྲུ་གཅིག་
    མཁའ་ནས་ལྷུངས་པའི་དོན་རྐྱེན་ལ་མཛུབ་སྟོན་གལ་ཆེན་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་05ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན་གྱི་ཆུ་ཚོད་10དང་སྐར་མ་56གི་ཐོག་ཐའེ་ཝན་བསྐྱར་དར་མཁའ་འགྲུལ་ཀུང་སིའི་ ATR72རྟགས་ཅན་གྱི་དམངས་སྤྱོད་འགྲུལ་སྐྱེལ་གནམ་གྲུ་གཅིག་ཐའེ་པེ་གྲོང་ཁྱེར་ནས་ཅིན་མོན་གྲོང་ཁྱེད་དུ་འཕུར་སྐབས་མཁའ་ནས་ལྷུངས་ཏེ་གནམ་གྲུ་དེ་ཉིད་ཐའེ་པེ་གྲོང་ཁྱེར་དང་ཞིན་པེ་གྲོང་ཁྱེར་གཉིས་ཀྱི་འབྲེལ་མཚམས་སུ་ཡོད་པའི་ཅི་ལུང་ཆུ་བོར་ལྷུངས་ཤིང་། གནམ་གྲུ་འདིར་སྡོད་མཁན་འགྲུལ་པ་མི་གྲངས་ཁྱོན་བསྡོམས་58ཡོད་ཅིང་། དེའི་ཁྲོད་མི་གྲངས་31སྐམ་ས་ཆེན་པོའི་ཡུལ་སྐོར་བ་རེད། ཚེས་4ཉིན་གྱི་ཆུ་ཚོད་19བར་དུ་དོན་རྐྱེན་དེ་ལས་མི་གྲངས་23རྐྱེན་ལམ་དུ་ཤོར་བ་དང་། མི་གྲངས་15ལ་རྨས་སྐྱོན་ཕོག་ཅིང་། ད་དུང་མི་གྲངས་20གར་སོང་ཆ་མེད་དུ་གྱུར་པ་རེད།
          དོན་རྐྱེན་བྱུང་རྗེས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཚད་མཐོའི་མཐོང་ཆེན་གནང་བ་སྟེ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་མགྱོགས་མྱུར་དུ་མཛུབ་སྟོན་གལ་ཆེན་གནང་སྟེ་འབྲེལ་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་འཕྱུགས་པ་མེད་པར་གང་མགྱོ གས་ཅི་མགྱོགས་དང་། རྨས་མ་སྲོག་སྐྱོབ་སྨན་བཅོས་བྱེད་རོགས་ཧུར་བརྩོན་ཆེན་པོ།  འདས་པོའི་ཁྱིམ་མིར་སེམས་གསོ་དང་རྗེས་འཇུག་ཐག་གཅོད་གང་ལེགས་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
          ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་སྟེ་འབྲེལ་ཡོད་ཕྱོགས་ཀྱིས་ཐའེ་ཝན་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གནམ་གྲུར་བསྡད་པའི་འགྲུལ་པ་ཤི་རྨས་བྱུང་ཚུལ་ཞིབ་བསྡུར་གང་མགྱོགས་བྱས་ཏེ་དགོས་མཁོ་ལྟར་རོགས་རམ་གང་ལེགས་བྱ་དགོས་པ་དང་དུས་མཚུངས་སུ་སྐམ་ས་ཆེན་པོའི་འགྲུལ་པའི་ཁྱིམ་མིར་ཆ་འཕྲིན་བརྡ་ཁྱབ་གཏོང་རྒྱུ་དང་། སེམས་གསོ་དང་རྗེས་མཇུག་བྱ་རྒྱུ་སོགས་ཀྱི་ལས་དོན་ལེགས་འགྲུབ་བྱ་དགོས་པའི་བླང་བྱ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།