འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།ཐའེ་ཝན་བསྐྱར་དར་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་
    23རྐྱེན་ལམ་དུ་ཤོར་བ་དང་། མི་15ལ་རྨས་ཕོག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་05ཉིན། 08:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཐའེ་ཝན་བསྐྱར་དར་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་
23རྐྱེན་ལམ་དུ་ཤོར་བ་དང་། མི་15ལ་རྨས་ཕོག་པ།
           མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་4ཉིན་གྱི་ཆུ་ཚོད་10དང་སྐར་མ་56ཐོག་ ATR72རྟགས་ཅན་གྱི་ཐའེ་ཝན་བསྐྱར་དར་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ཐའེ་པའེ་ནས་ཅིན་མོན་་དུ་འཕུར་སྐྱོད་བྱེད་པའི་ལམ་བར་དུ་གློ་བུར་དུ་ཆག་སྒོ་བྱུང་བ་རེད། ཚེས་4ཉིན་གྱི་ཆུ་ཚོད་19བར། གནམ་གྲུའི་ཆག་སྒོ་ཁྲོད་མི་23རྐྱེན་ལམ་དུ་ཤོར་བ་དང་། མི་15ལ་རྨས་ཕོག་པ། མི་20གར་སོང་ཆ་མེད་དུ་གྱུར། གནམ་གྲུའི་སྟེང་ཁྱོན་བསྡོམས་མི་58ཡོད་པ་དང་། དེའི་ནང་མི་31ནི་སྐམ་སའི་ཡུལ་སྐོར་བ་རེད།
          དོན་རྐྱེན་བྱུང་རྗེས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཐུགས་ཁུར་བླ་ལྷག་གནང་གི་ཡོད་པ་སྟེ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ལྷན་གྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་འབྲེལ་ཡོད་སྡེ་ཚན་གྱིས་ལམ་སེང་དོན་རྐྱེན་གྱི་གནས་ཚུལ་ཤེས་རྟོགས་བྱས་ཏེ་ཧུར་ཐག་གིས་རྨས་མ་མྱུར་སྐྱོབ་དང་། ནང་མིར་སེམས་གསོ། རྗེས་འཇུག་བྱ་བ་ལེགས་སྒྲུབ་བྱེད་དགོས་ཞེས་མཛུབ་སྟོན་གལ་ཆེན་གནང་བ་རེད།
    ༄༅།།ཐའེ་ཝན་བསྐྱར་དར་མཁའ་འགྲུལ་ཀུང་སིའི་གནམ་གྲུ་ཞིག་ལ་ཆག་སྒོ་བྱུང་ནས་མི་
23རྐྱེན་ལམ་དུ་ཤོར་བ་དང་། མི་15ལ་རྨས་ཕོག་པ།
      

    ཕྱོགས་བསྡུས་གསར་འགྱུར།