འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་3ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུས་ཀྲེང་ཧྲེང་གིས་ཧོ་པེ་ཞིང་ཆེན་དུ་བརྟན་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་03ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཡུས་ཀྲེང་ཧྲེང་གིས་ཧོ་པེ་ཞིང་ཆེན་དུ་བརྟན་ཞིབ་གནང་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་29ཉིན་ནས་ཚེས་31ཉིན་བར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་ཧོ་པེ་རུ་བརྟག་ཞིབ་གནང་སྐབས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཆོས་ལུགས་ལས་དོན་སྐོར་གྱི་ཏང་གི་གཞི་རྩའི་མཛད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ་ཆོས་ལུགས་ལས་དོན་ཞིབ་ཚགས་སྒྲུབ་པ་དང་། ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཚམ་མཐུན་ཡོང་རྒྱུར་ཁྲིད་སྟོན་ཧུར་ཐག་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཆོས་ལུགས་ལས་དོན་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་དགེ་མཚན་ལྡན་པའི་ནུས་པ་ཡག་པོ་འདོན་སྤེལ་བཅས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་ཆེད་ལེགས་སྐྱེས་མང་ཙམ་འབུལ་དགོས་པའི་ནན་བཤད་གནང་བ་རེད། ཡུས་ཀྲེང་ཧྲེང་ཧོ་པེ་པའོ་ཏིང་གི་ཁེ་ལས་གླིང་དང་། བཟོ་གྲྭའི་འཁོར་ཁང་། དགོན་སྡེ་དང་ཆོས་ཁང་བཅས་སུ་ཕེབས་པ་མ་ཟད། བཞུགས་མོལ་ཚོགས་འདུ་ཐེངས་མང་འཚོགས་ནས་གཞི་རིམ་གྱི་ཆོས་ལུགས་ལས་དོན་མཁྱེན་རྟོགས་གནང་བ་དང་། ལས་བྱེད་མང་ཚོགས་དང་སྒྱུར་འཕེལ་བརྟན་གསུམ་གྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་རེད།
    【1】  【2】  【3】  【4】
    ༄༅།།ཡུས་ཀྲེང་ཧྲེང་གིས་ཧོ་པེ་ཞིང་ཆེན་དུ་བརྟན་ཞིབ་གནང་བ།
      

    ཕྱོགས་བསྡུས་གསར་འགྱུར།