མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ལི་ཝར་སི་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་30ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ལི་ཁེ་ཆང་གིས་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ལི་ཝར་སི་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་29ཉིན་གྱི་ཕྱི་དྲོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ལི་ཝར་སི་དང་གྲོས་མོལ་གནང་བ་རེད། ལི་ཁེ་ཆང་གིས་ཕྱོགས་གཉིས་ཀྱིས་མུ་མཐུད་ནས་ཉིང་རྡུལ་གྱི་ནུས་པ་དང་། མཁའ་འགྲུལ་མཁའ་སྐྱོད། མྱུར་བགྲོད་ལྕགས་ལམ་ལ་སོགས་པའི་སྲོལ་རྒྱུན་ཁྱབ་ཁོངས་ནང་གི་མཉམ་ལས་རྒྱ་སྟོབས་ཆེ་རུ་བཏང་ནས་ཐུན་མོང་དུ་ཕྱོགས་གསུམ་པའི་ཚོང་ར་གསར་གཏོད་བྱ་དགོས་པ་དང་། སྨན་བཅོས་འཕྲོད་བསྟེན་དང་། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དངུལ་རྩ་ལ་སོགས་པའི་གསར་དར་ཁྱབ་ཁོངས་ནང་གི་མཉམ་ལས་གསར་གཏོད་བྱས་ནས་ཕྱོགས་སོ་སོའི་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་དམངས་འཚོ་ལེགས་བཅོས་བྱེད་པར་རོགས་རོགས་རམ་བྱ་དགོས་ཤིང་། ཕྱོགས་གཉིས་བར་ཉོ་ཚོང་ཐད་མ་དངུལ་འཇོག་རྒྱུའི་བག་ཉལ་སྟོབས་ཤུགས་སྔོག་འདོན་བྱ་དགོས་པ་དང་མི་སྣ་འགྲོ་འོང་སྟབས་བདེ་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་དགོས། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོར་ལག་རྩལ་མཐོ་བའི་ཐོན་རྫས་ཕྱིར་གཏོང་བྱ་རྒྱུའི་སྲིད་ཇུས་སྔར་ལས་ལྷོད་དུ་གཏོང་བ་མ་ཟད། ཀྲུང་གོའི་ཁེ་ལས་ཧྥ་རན་སེ་རྒྱལ་ཁབ་ཏུ་མ་དངུལ་འཇོག་པར་སྐྱོད་པར་སྔར་ལས་བཀག་སྡོམ་གློད་པ་དང་། དྲང་གཞག  མཛའ་མཐུན་བཅས་ཀྱི་ཚོང་རའི་ཁོར་ཡུག་མཁོ་འདོན་གནང་རྒྱུའི་རེ་འདུན་བྱེད་ཀྱི་ཡོད་ཅེས་གསུངས།

༄༅།།ལི་ཁེ་ཆང་གིས་ཧྥ་རན་སེ་རྒྱལ་ཁབ་ཀྱི་ཙུང་ལི་ཝར་སི་དང་གྲོས་མོལ་གནང་བ།