མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།

གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་03ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལ་མཇལ་འཕྲད་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་2ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུ་རྒྱལ་ཁབ་ཀྱི་ཕྱི་འབྲེལ་པུའུ་ཀྲང་ལཱ་ཧྥུའུ་ལུའོ་ཧྥུའུ་ལ་མཇལ་འཕྲད་གནང་ཞིང་། ཞིས་ཅིན་ཕིང་གིས་ད་ལོ་ནི་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་ལོ་ངོ་70འཁོར་བའི་ལོ་ཡིན་པས། ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་རྟེན་འབྲེལ་དང་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ལེགས་གཉེར་བྱས་ཏེ་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཤར་ཕྱོགས་དང་ནུབ་ཕྱོགས་ཀྱི་གཡུལ་ས་གཙོ་བོ་ཡིན་པའི་རྒྱལ་ཁབ་གཉིས་ཀྱིས་འཛམ་གླིང་མི་དམངས་ཀྱིས་ཧྥ་ཤི་སིའི་དམག་འཁྲུག་ལ་ངོ་རྒོལ་བྱས་པར་ལོ་རྒྱུས་རང་བཞིན་ལྡན་པའི་བྱས་རྗེས་བཞག་པ་དང་། ཐུན་མོང་དུ་དམག་ཆེན་གཉིས་པ་མཇུག་བསྒྲིལ་རྗེས་ཀྱི་རྒྱལ་སྤྱིའི་ཞི་བདེ་དང་བདེ་འཇགས་སྲུང་སྐྱོང་བྱས་ཚུལ་གསལ་པོར་མཚོན་པར་བྱ་དགོས། མིག་སྔར་འབོ་གསེར་རྒྱལ་ཁབ་ཀྱིས་ཚབ་བྱེད་པའི་གསར་དར་སྟོབས་ཤུགས་འཕེལ་རྒྱས་མགྱོགས་མྱུར་བྱུང་ཞིང་། འཛམ་གླིང་སྣེ་མང་ཅན་དུ་འགྱུར་བ་དང་རྒྱལ་སྤྱིའི་འབྲེལ་བ་དམངས་གཙོ་ཅན་དུ་འགྱུར་བའི་བྱ་རིམ་ལ་སྐུལ་འདེད་བཏང་བ་རེད། ཐུན་མོང་དུ་གསར་དར་ཚོང་རའི་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱ་རྒྱུ་དང་། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་པས། ཀྲུང་གོའི་ཕྱོགས་ཀྱིས་ཨུ་རུ་སུའི་ཕྱོགས་དང་མཉམ་ལས་བྱས་ཏེ་ད་ལོའི་འབོ་གསེར་རྒྱལ་ཁབ་ཀྱི་དབུ་གཙོའི་ཚོགས་འདུ་ལེགས་གཉེར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།